[A:11b]བོད་དང་། ལི་དང་། རྒྱ་ནག་དང་། ཤམྦྷ་ལ་དང་། གངས་ལྡན་རྣམས་གནས་ཤིང་། དེ་ཡང་འཕགས་པའི་ཡུལ་ནི་འཕགས་པ་རྣམས་འབྱོན་པའི་ཡུལ་ཡིན་པས་དེ་སྐད་དུ་གྲགས་ལ། རྒྱ་ནག་
ལས་ལོགས་སུ་གར་ནས་གནས་པས་རྒྱ་གར་ཞེས་པ། མ་ག་དྷ་དང་། ཨངྒ་དང་། ཡངས་པ་ཅན་དང་། མཉན་ཡོད་དང་། ཝཱ་རཱ་ཎ་སཱི་དང་། གནས་བཅས་དང་། སེར་སྐྱའི་གཞི་རྣམས་ཡོད་ཅིང་
ཤར་ཕྱོགས་ན་བྷངྒ་ལ་དང་། ལྷོ་ཕྱོགས་ན་ཀཽ་ཤམྦི་དང་། བཻ་དྷརྦྷ་དང་། ནུབ་ཕྱོགས་ན་མ་ཁ་དང་ཁ་ཆེ་ལ་སོགས་པ་ཡོད་པའོ༎ བོད་ནི་བྷོ་ཊ་ཅེས་པ་ཟུར་ཉམས་པས་བོད་དུ་གྲགས་པ། གྲོང་བྱེ་བ་ཆགས་
པའི་སའི་ཁྱོན་ཡོད་པའོ༎ ལི་ནི་སྔོན་ཆུས་གང་བ་ལ་ཤཱ་རིའི་བུའི་འཁར་གསིལ་དང་། རྣམ་སྲས་ཀྱི་མདུང་རྩེས་མཚོ་བྲལ་ཏེ་སངས་རྒྱས་ཤཱཀྱ་ཐུབ་པ་ས་དེར་བྱོན་ནས། རྒྱལ་བ་བཞིའི་མཆོད་རྟེན་གོ་མ་ས་
ལ་གནྡྷ་ཡོད་པ་གཟིགས་ཏེ། ལོ་བརྒྱ་ན་ཡུལ་འདིར་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་ལུང་བསྟན་པ་བཞིན་རྒྱལ་པོ་ས་ནུ་སོགས་ལི་རྗེ་རབས་བཅས་བྱུང་བ་དེ་ཡིན་ལ་ཁ་ཤའི་ཡུལ་ཞེས་ཀྱང་ཟེར་རོ༎
རྒྱ་ནག་ནི་རྒྱ་ནག་དང་རྒྱ་ནག་ཆེན་པོ་གཉིས་ལས་འདི་ནི་རྒྱ་ནག་སྟེ་གྲོང་བྱེ་བའི་བདག་ཉིད་ཅན་ནོ༎ རྒྱ་ནག་ཆེན་པོ་ནི་འདི་མིན་ཏེ། དེ་ནི་མཧཱ་ཙི་ན་ཞེས་པ་ཟུར་ཉམས་པས་སྨན་ཙེ་ཞེས་ཟེར་བ་ཤར་ཕྱོགས་