R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 12a
[A:12a]ན་ཡོད་པ་འདིའོ༎ ཤམྦྷ་ལ་ནི་བདེ་འབྱུང་གིས་བཟུང་བ་ཞེས་ཏེ་ལྷ་དབང་ཕྱུག་ཆེན་པོའི་གནས་སོ༎ ཡུལ་དེ་ཡང་རྒྱར་དཔག་ཚད་སུམ་སྟོང་ཡོད་པ། མཐའ་མ་གངས་
རིའི་མུ་འཁྱུད་ཀྱིས་བསྐོར་ཞིང་། ཆུས་བཅད་པས་ས་པདྨ་འདབ་བརྒྱད་ཀྱི་རྣམ་པར་གནས་པ། དེའི་དབུས་ན་དཔག་ཚད་སྟོང་ཕྲག་གཅིག་པའི་ལྟེ་བ་ཟླུམ་ཞིང་མཐོ་བ་གངས་རིས་བསྐོར་བས་ཀཻ་ལ་ཤར་གྲགས་
པ། དེའི་དབུས་ན་ལྷས་བརྩིགས་པའི་ཕོ་བྲང་ཀ་ལཱ་པ་ཞེས་བྱ་བའི་གྲོང་ཁྱེར་མཆུ་ཞེང་དཔག་ཚད་བཅུ་གཉིས་པ། གྲོང་བྱེ་བས་ཉེ་བར་བསྐོར་བ་ཡོད་དེ། དེར་བྱང་ཆུབ་སེམས་དཔའ་དང་ཁྲོ་བོའི་རྒྱལ་པོ་རྣམས་
ཀྱི་སྤྲུལ་པ་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ། སེམས་ཅན་མཐའ་དག་ལ་དེ་བཞིན་གཤེགས་པའི་ཆོས་རབ་ཏུ་སྟོན་པར་མཛད་པ། ཀླ་ཀློ་ལ་སོགས་པའི་ཆོས་ངན་པ་འཇོམས་པར་མཛད་པ། སྐྱེས་བུ་
ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུ་དང་། མངོན་པར་ཤེས་པ་ལྔ་ལ་སོགས་པ་དབང་ཕྱུག་གི་ཡོན་ཏན་ཡོངས་སུ་རྫོགས་པ། སེང་གེའི་ཁྲི་ལ་དབང་བསྐུར་ནས་ལོ་བརྒྱ་བཞུགས་པ་ཤ་སྟག་
རྒྱུན་ཆགས་སུ་འབྱུང་ཞིང་། ཀ་ལཱ་པའི་གྲོང་གི་ལྷོ་ཕྱོགས་ན་མ་ལ་ཡའི་སྐྱེད་མོས་ཚལ་དང་། ཚལ་དེའི་ཤར་ན་ཉེ་བའི་ཡིད་ཀྱི་མཚོ་དང་། ནུབ་ན་པདྨ་དཀར་པོའི་མཚོ་ཡོད་དེ། དེ་གསུམ་ཀ་ཚད་མཉམ་པ་