R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 132b
[A:132b]ཆེན་པོར་གྱུར་ནས། ལྷ་ལུང་བྱང་སེམས་པའི་ཕྱག་ཕྱིར་སྨིན་རིར་བྱོན། ཉིན་ཅིག་འཁྲུལ་ཞིག་པའི། མ་ཧཱ་ཀཱ་ལ་ང་ཡིན་པས།། ང་ཡི་བཀའ་ལས་མ་འདའ་ཞིག། ཅེས་གསུང་དྲག་པོ་གཞན་
གནང་བ་གཟིགས་མ་ཐག་སྒོ་གསུམ་ལ་ཡེ་ཤེས་ཕེབས། རྗེ་དེ་ཕྱག་དྲུག་པ་དངོས་སུ་གཟིགས། དེ་ནས་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་ལེགས་པར་བསྟེན་ནས་ཟབ་ལམ་གྱི་ཁྲིད་སོགས་གདམས་པ་མཐའ་དག་ནོད་དེ། བསྒོམས་པས་
མངོན་པར་རྟོགས་པའི་ཡོན་ཏན་དང་ལྡན། འཁྲུལ་ཞིག་པ་ཉིད་ཀྱི་གདན་སར་བསྐོས་པས་རྒྱལ་ཚབ་པར་གྲགས། ཕྱིས་པཎ་ཆེན་ནགས་ཀྱི་རིན་ཆེན་ལ་ཡང་སྦྱོར་དྲུག་གསན། ཡར་ཀླུངས་ལྷ་ལུང་དུའང་འགྲོ་དོན་རྒྱ་ཆེར་
མཛད་དོ༎ ཆོས་རྗེ་བསྟན་པ་བ། ཆོས་རྗེ་བསྟན་པ་བ་ནི། ཡར་ཀླུངས་སྤྲུལ་སྐུའི་རྒྱུད་དུ་འཁྲུངས། ཁུ་བོ་སངས་རྒྱས་དབོན་དུ་གྲགས་པ་དེས་ཁོང་རང་གི་བཀའ་འབུམ་དབུ་ལ་བཞག་ནས་བྱིན་གྱིས་བརླབས། གཡེ་རྟེའུ་རར་རྩེ་
མོ་བ་ལས་རབ་ཏུ་བྱུང་། མཚན་བསྟན་པ་རྒྱལ་མཚན་དུ་བཏགས། འཁྲུལ་ཞིག་པ་དང། སྐུ་ཞང་ཆོས་རྗེ་དང་། ཡོན་བཀྲས་པ་དང་། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་རྣམས་བསྟེན་ནས། དབང་རྒྱུད་བཤད་