R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 133a
[A:133a]མན་ངག་མཐའ་དག་མནོས་ཏེ་གྲུབ་པ་བརྙེས་ནས་རྒྱུད་འགྲེལ་པར་དུ་བཞེངས། སྨིན་རི་ལྟར་དགའ་ལྷ་ལུང་དུ་དབང་ཁྲིད་ཀྱིས་གཞན་ཕན་མཛད་དོ༎ རྗེ་དུས་འཁོར་ཞབས་པ། རྗེ་དུས་འཁོར་ཞབས་པ་ནི། ཡར་ཀླུངས་
ལྷ་ལུང་དུ་ཡབ་འབྲུག་སྒྲ་དབོན་པོ་དང་། ཡུམ་སྟོན་མ་བདེ་བའི་སྲས་སུ་མེ་མོ་ཕག་ལ་འཁྲུངས་གདུང་ངོ་རྗེ། དགུང་ལོ་བདུན་ལ་སྨན་ཆར་དགོན་པར་ཆེན་པོ་ཚུལ་བློ་བ་ལས་དགེ་བསྙེན་མནོས་ཏེ་མཚན་བློ་གྲོས་རྒྱལ་
མཚན་དུ་བཏགས། སྨིན་རིར་འཁྲུལ་ཞིག་པའི་དྲུང་དུ་བློ་སྦྱོང་གསན། རྩེས་ཐང་དུ་དྭགས་པོ་འོད་ཟེར་སེངྒེ་དང་། འཇམ་དབྱངས་ནམ་མཁའ་གྲགས་ལས་རབ་ཏུ་བྱུང་། རྣམ་འགྲེལ་ལ་སྦྱངས་ཏེ་བཅུ་དྲུག་པ་ལ་བཤད་སྟོན་མཛད།
འཇམ་དབྱངས་ནམ་མཁའ་གྲགས་ལ་དུས་འཁོར་གྱི་དབང་གསན། འཁྲུལ་ཞིག་པ་ལ་སྦྱོར་དྲུག་གསན་པས་རྡོ་རྗེ་གསུམ་གྱི་ཉམས་དང་མཚན་མ་བཅུ་རྫོགས་པར་གྲུབ། ཉེར་གསུམ་པ་ལ་སྨིན་རིར་མགོན་པོ་ཕྱག་དྲུག་པ་ལ་བསྙེན་
པ་མཛད་པས་མཚན་མ་བརྟན་པོ་བརྙེད། མགོན་པོ་ལ་ཚལ་མིན་པ་དང་། རིན་རྒྱལ་བ་དང་། རྐྱང་ཆེན་པ་གསུམ་པོ་གང་གི་དྲུང་དུ་ཕྱིན་ན་དུས་འཁོར་གྱི་རྒྱུད་ཉན་པ་ལ་བཟང་ཞེས་ལུང་སྟོན་པར་གསོལ་བས་