[A:133b]རིན་རྒྱལ་བ་བཟང་པའི་ལུང་བསྟན་ཐོབ། མནལ་ལམ་ལ་སྔར་གཟིགས་མ་མྱོང་བས་ལུང་པ་ཞིག་ཏུ་འཕུར་ནས་བྱོན་པས། རིའི་ངོས་ཀྱི་ཕུག་པ་ཞིག་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འོད་ཟེར་གྱི་ཕུང་པོ་
བར་འབྲེལ་བས་ཕྱོགས་ཐམས་ཅད་རྒྱས་པར་འགེངས་པ་ཡིད་འཕྲོད་པ་ཅིག་འདུག་པ་ཕྱག་ཏུ་ལོན་ཏེ། སླར་ཡང་ནམ་མཁའ་ལ་འཕུར་བས་ཕྱག་གི་ནོར་བུའི་འོད་ཀྱིས་གནམ་ས་ཐམས་ཅད་ཁྱབ་པ་གཅིག་རྨིས་ཏེ། མནལ་སད་
པའི་སྐབས་སུ་ཡང་ཐུགས་ལ་དགའ་བ་ཁྱད་པར་ཅན་འཆར་བ་ཞིག་བྱུང་གསུང་། ཉེར་བཞི་པ་ལ་ལྷ་སར་ཇོ་བོ་ལ་བྱིན་བརླབས་ནན་ཏན་དུ་ཞུས་ནས་ཨེ་ཝཾ་དུ་བྱོན་ཏེ་འཇམ་དབྱངས་རིན་རྒྱལ་བ་ལ་རྩིས་དང་སྒྲུབ་དཀྱིལ་གྱི་མཛུབ་
ཁྲིད་ལེགས་པར་གསན། དེ་ནས་དཔོན་སློབ་རྣམས་མལ་གྲོའི་དགོན་པ་ཅིག་ཏུ་ཐེགས་ནས་སློབ་མ་ཉི་ཤུ་རྩ་ལྔ་དང་སྟབས་གཅིག་ཏུ་རྒྱུད་འགྲེལ་གྱི་བཤད་པ་གསན་ཅིང་དྲི་གཏུག་གི་སྒོ་ནས་ཀྱང་དཀའ་བའི་གནས་མཐའ་དག་
བཀྲལ། མལ་གྲོ་ལུང་བ་དེ་སྔ་མནལ་ལམ་དུ་བྱུང་བའི་ལུང་པའི་བཀོད་པ་དེ་ཇི་བཞིན་ཏུ་སྣང་ཞིང་། དགོན་པའི་ས་ཆ་དེ་ནོར་བུ་ལོན་པའི་རིའི་ངོས་དེ་ཀར་འདུག་པས། ཡིད་བཞིན་གྱི་ནོར་བུ་ལོན་པ་དེ་རྒྱུད་འགྲེལ་