R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 134a
[A:134a]ཐོབ་པ་ལ་ལྟ་བར་འདུག་གསུང་། དེ་ནས་སྨིན་རིར་ཕེབས་དུས་འཕྲུལ་ཞིག་པས་དུས་འཁོར་གྱི་གླེགས་བམ་གཏད་དེ་བླ་མ་དུས་འཁོར་བ་ཞེས་སུ་མཚན་གསོལ། སྦྱོར་དྲུག་གི་མན་ངག་མ་ལུས་པ་དང་
ཀུན་མཁྱེན་ཆེན་པོའི་བཀའ་འབུམ་གནང་། རྒྱལ་ཚབ་པ་ལ་ཡང་རྒྱུད་བླ་དང་རྒྱུད་འབུམ་གྱི་ལུང་གསན། དུས་འཁོར་གྱི་རྒྱུད་ལ་ཞལ་སྟོན་འཁོར་མོར་མཛད། ཉེར་བདུན་པ་ལ་གསང་ཕུར་ཆོས་རྗེ་དཔལ་སེང་
བའི་དྲུང་དུ་ཕར་ཕྱིན་དང་དབུ་མ་ལ་སྦྱངས། ཉེར་དགུ་བ་ལ་སྙེ་མོ་རུ་དགོན་གསར་དུ་སྐུ་ཞང་ཆོས་རྗེ་རིན་ཆེན་བཀྲ་ཤིས་པ་ལ་དུས་གསང་བདེ་དགྱེས་མཱ་ཡཱ་གདན་བཞི་གཤེད་དམར་རྡོར་དབྱིངས་སོགས་ཀྱི་དབང་སྒྲུབ་བསྐོར། དབང་
མདོར་བསྟན། སྦྱོར་དྲུག། རིམ་ལྔ། སྤྲོས་མེད་སོགས་གསན། ཆོས་རྗེ་ཡོན་བཀྲས་པ་ལ་རྒྱུད་འགྲེལ་གྱི་བཤད་པ་ཚར་གསུམ་དྲི་གཏུག་དང་བཅས་པའི་སྒོ་ནས་རྒྱས་པར་གསན་ཅིང་མཁས་པར་སྦྱངས། སོ་གཅིག་
པ་ལ་སྐུ་ཞང་ཆོས་རྗེའི་མཁན་པོ། ཡོན་བཀྲས་པས་ལས་སློབ། བཀྲས་རིན་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། མཚན་འཕགས་པ་རིན་ཆེན་དུ་བཏགས། སོ་གཉིས་པ་ལ་ཤངས་སྐུངས་ལུངས་སུ་སངས་རྒྱས་