R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 134b
[A:134b]དཔལ་བ་ལ་བུ་དོལ་གཉི་གའི་ལུགས་ཀྱི་དབང་དང་རྒྱུད་འགྲེལ་གྱི་ཟབ་བཤད་གསན། རྡོ་རྗེ་སློབ་དཔོན་བདག་པོའི་དབང་གི་སྐབས་སུ། ཆོས་རྗེ་དེ་ཉིད་ཀྱི་བཞུགས་ཁྲི་ལ་བཞུགས་སུ་བཅུག་ནས་བཀའ་མི་ནུས་
པའི་བཀའ་གཏད་དང་བཅས་ཏེ་གནང་། དེ་ནས་སྨིན་རིར་ལོ་གསུམ་ཕྱོགས་གསུམ་གྱི་སྐུ་མཚམས་བཅད་དེ་འཁྲུལ་ཞིག་པ་ལ་ཨྱོན་བསྙེན་སྒྲུབ། ལམ་འབྲས། ནི་གུ། ཡང་དགོན་པའི་རི་ཆོས། སྤྱོད་
ཡུལ། དམར་ཁྲིད་སོགས་གསན། ཐུགས་དམ་གྱི་རྩལ་ཐོན། བདག་ལས་གཞན་གཅེས་ཀྱི་ཐུགས་བཅོས་མིན་འཁྲུངས། དེར་ལོ་ལྟར་གྱི་ནག་ཉ་སྒྲུབ་མཆོད་བཙུགས། ཀོང་པོར་བྱོན་ཏེ་ཞྭ་དམར་
ཅོད་པན་འཛིན་པ་ཆོས་དཔལ་ཡེ་ཤེས་པ་ལ་ཕྱག་ཆེན་དང་། ཀུ་ཅོར་རྟོགས་ལྡན་པ་ལ་གྲུབ་ཆེན་བརྒྱད་ཅུའི་གླུད་གསན། སྒམ་པོར་དགེ་བཤེས་མང་པོ་ལ་རྒྱུད་འགྲེལ་གསུངས། སླར་སྨིན་རིར་ཕེབས་
ནས་འཁྲུལ་ཞིག་པའི་གདུང་ལ་མཆོད་པ་འབུལ་ཞིང་གདུང་བའི་གསོལ་འདེབས་མཛད། གཉལ་དུ་བྱོན་ཏེ་ཕོ་བྲང་ཡངས་རྩེར་ཁྲི་དཔོན་བཀྲ་ཤིས་དཔལ་བཟང་པོ་ཡབ་སྲས་ལ་དུས་འཁོར་གྱི་དབང་གནང་།