R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 135b
[A:135b]ཕག་མོ་གཞུང་དྲུག་མའི་དབང་ཁྲིད་གསན་པའི་ཚེ། རྗེ་སྐུངས་ལུངས་པའི་དྲུང་ན་ཀ་པཱ་ལ་བདུད་རྩིས་གང་བ་ན་རྗེ་བཙུན་ཞལ་གཉིས་མ་སྐུ་མཐེ་བོང་ཙམ་ཅིག་འདུག་པ་གཟིགས་མ་ཐག ཐོད་པའི་བདུད་རྩི་དེ་ཧོར་ལེན་
མཛད་ནས་གསོལ་བས་སྐུ་ལུས་ལ་བདེ་བ་ཁྱད་པར་ཅན་སྐྱེས། ཆོས་རྗེས་བཀའ་གནང་ནས་བླ་མ་ཤམྦྷ་ལ་པ་སོགས་སྐུངས་ལུངས་པའི་དགེ་འདུན་རྣམས་ལ་རྒྱུད་འགྲེལ་གསུངས། ཐང་པ་ཆོས་མཛད་པ་ལའང་རྒྱུད་བཤད་གནང་།
ཞེ་དྲུག་པ་ལ་ཡུ་མོའི་དབེན་གནས་མཇལ་ནས། བྱང་ཆུབ་གླིང་དུ་ཆོས་རྗེ་པདྨ་བཟང་པོ་ལ་འཇམ་དབྱངས་དང་མི་གཡོ་བ་གསན། ཁོང་དུས་འཁོར་གྱི་ཌཱི་ཀཱ་བརྩོམས་པའི་སྐབས་ཀྱིས་འབེལ་གཏམ་ཉིན་མཚན་འཁོར་མོར་
མཛད། དེ་ནས་རྩ་རི་མཇལ་བས་ཌཱ་ཀི་འདུ་བའི་མཚན་མ་མང་དུ་གཟིགས། སྔ་ཕྱིར་མཚན་ལྡན་ཐོད་པའི་དྲུང་དུ་རྣལ་འབྱོར་མའི་ཆོ་ག་དང་འབྲེལ་བའི་ཚོགས་འཁོར་སྟོང་ཕྲག་གཅིག་མཛད། གཉལ་པདྨ་གསལ་
རྗེ་གངས་སུ་མཚམས་དམ་པོའི་ཐུགས་དམ་ལོ་གཅིག་གནང་། དེ་ནས་བྱར་པདྨ་བྲག་ཆུ་དགོན་པར་བསམ་གཏན་ཁང་བུ་ཆུང་ངུ་བུག་སྒོ་ཅན་དུ། ཐུན་འཇུག་གི་སྤྲོས་པ་བཅད་དེ། རྡོ་རྗེ་སྐྱིལ་དཀྲུང་ལས་མི་གཡོ་