[A:136a]བར་གསུང་བཅད་ཁོ་ན་མཛད་དེ། ལྟོས་མེད་བཞི་ལ་བརྟེན་ནས་ལོ་གསུམ་ཕྱོགས་གསུམ་གྱི་བར་དུ་རྡོ་རྗེའི་རྣལ་འབྱོར་བསྒོམས་པས་མཉམ་རྗེས་འདྲེས་པའི་རྟོགས་པ་འཁྲུངས། ང་གཅིག་པ་ལྷ་
སར་བཅུ་གཅིག་ཞལ་གྱི་དྲུང་དུ་བསྙུང་གནས་སྟོང་ཕྲག་གཉིས་ཀྱི་དམ་བཅའ་ཕུལ་ནས། ས་ག་ནས་བརྩམས་ཏེ་བསྙུང་གནས་ཆུན་དྲིལ་བརྒྱ་རྩ་རེ་ལོ་རེ་བཞིན་མཛད། རྐོང་པོར་ཀརྨ་པ་མཇལ་བ་ལ་
ཐེགས་ཏེ་བླ་མའི་རྣལ་འབྱོར་གསན། གུ་ཤྲི་དཔལ་འབྱོར་དོན་གྲུབ་པ་ལ་ནཱ་རོ་ཆོས་དྲུག་དང་རླུང་སེམས་གཉིས་མེད་གསན། གཙོ་བོར་ཀོ་རོ་བྲག་ཏུ་ཐུགས་དམ་ཉིད་ལ་བཞུགས། ང་དྲུག་པ་ལ་འགྲོངས་ལྟས་མང་དུ་བྱུང་
བས་བདག་ཏུ་འཛིན་པའི་ཁྲི་བ་བཅད། གཙོ་བོར་སེམས་ཅན་རྣམས་སྡུག་བསྔལ་བ་ལ་མི་བཟོད་པའི་ཐུགས་རྗེས་གཏོང་ལེན་ཁོ་ན་མཛད་པས། མནལ་ལམ་དུ་ཆོས་རྗེ་སངས་རྒྱས་དཔལ་བ་བྱོན་ནས་ཚེ་དཔག་མེད་ཀྱི་ཁྲིད་
མཛད་པའི་དུས་ཀྱི་ཚེའི་བདུད་རྩི་དེ་འདི་ཡིན་ནོ༎ འདི་གཞན་ལ་མ་བྱིན་པར་འཐུང་ཅིག་གསུང་ནས་ཀ་པཱ་ལ་བདུད་རྩིས་གང་བ་གནང་བ་བཞེས་པས་ལྟས་རྣམས་བཟློག ཚེ་བསྲིང་བ་ལ་ཡང་བློ་སྦྱོང་རང་ཟབ་