R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 136b
[A:136b]པར་འདུག་གསུང་། ང་བརྒྱད་པ་ལ་སྨིན་རིར་བཞུགས་ཏེ། སྐུ་མཚམས་དམ་པོ་བུག་སྒོ་ཅན་མཛད་ནས་ཐུགས་དམ་ཁོ་ན་ལ་གཙོ་བོར་བཞུགས་ཤིང་། སྐབས་འགར་དུས་ཆོས་ཀྱི་སྦྱོར་དྲུག་དང་། བསྙེན་སྒྲུབ།
ནི་གུ། ལམ་འབྲས་སྤྲོས་མེད། དམར་ཁྲིད་གཅོད་ཡུལ། བློ་སྦྱོང་ལ་སོགས་པའི་ཁྲིད་དང་། དུས་འཁོར། མཁའ་འགྲོ་རྒྱ་མཚོ། མི་ཏྲ་བརྒྱ་རྩ་ལ་སོགས་པའི་དབང་དང་། དབང་མདོར་བསྟན་ལ་སོགས་
པའི་རྒྱུད་བཤད་བག་རེ་གནང་། སྔ་ཕྱིར་མཉལ་དུ་ཐེགས་ནས་བསྒྲུབ་པའི་མར་ཁལ་ཁྲི་དྲུག་སྟོང་གི་དཀར་མེ་དང་། གསེར་ཞོ་སུམ་བརྒྱ་ལྷག་པའི་གསེར་ཆབ་དང་བཅས་པས་ལྷ་སར་ཇོ་བོ་ལ་མཆོད་དེ།
རྫོགས་པའི་སངས་རྒྱས་གང་བཞུགས་དང་༎ གང་དག་འདས་དང་མ་བྱོན་པ༎ དེ་དག་རྗེས་སུ་བདག་སློབ་ཅིང་༎ བྱང་ཆུབ་སྤྱོད་པ་སྤྱོད་གྱུར་ཅིག། ཅེས་པས་སྨོན་ལམ་སྟོང་ཕྲག་མང་པོ་མཛད། ཡར་
ཀླུངས་སུ། ཀརྨ་པ་ལ་སྐུ་གསུམ་ངོ་སྤྲོད་དང་། ཞྭ་དམར་ཅོད་ཅན་འཛིན་པ་ལ་ཕྱག་ཆེན་གསན། རབ་འབྱམས་པ་རིན་རྒྱལ་ལ་བྱང་ཆུབ་སེམས་དཔའི་འགྲེལ་པ་ལ་སྒྱེད་མཁར་བཙུགསནས་གསུང་རབས་