R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 137a
[A:137a]གཞན་ལ་གཟིགས་ན་བསྟན་པ་ཡོངས་སུ་རྫོགས་པའི་བདག་སོགས་འགྱུར་ངེས་པས་དེ་ཁོ་ན་ལྟར་མཛད་དགོས། གཞན་ཕྱོགས་རིས་སུ་ཆད་པའི་མཁས་པར་རློམ་པ་ཅིག་ལས་མི་འོང་། རྡོ་རྗེའི་རྣལ་
འབྱོར་གྱི་མྱོང་རྟོགས་བཟང་པོ་ཅིག་བྱུང་ན་གྲུབ་མཐའ་འདྲ་བློས་བྱས་པ་ཡིན་པས་རང་ཞིག་ལ་འགྲོ། གྲུབ་མཐའ་ལ་ཕྱོགས་མ་མཛད་ཅེས་གསུང་། ངའི་བསྙུང་གནས་འདིས་ཟས་ཀྱི་རྣམ་གཡེང་མེད་པ་དང་། ངག་བཅད་
ཀྱིས་ཡེངས་མ་ལམ་ལ་མི་འགྲོ་བར་དགེ་སྦྱོར་ཤིན་ཏུ་འཕེལ་བའི་མཚམས་གཅོད་ཆེན་པོར་བྱུང་གསུང་ཞིང་། བསྙུང་གནས་མ་ཡིན་པའི་སྐབས་སུའང་ཕལ་ཆེར་གསུང་བཅད་མཛད། ཉིན་ཞག་ཕྲུགས་གཅིག་ལ་ཐུགས་དམ་གྱི་ཁྲིགས་
ཆུ་བོའི་ཉེར་མ་ལྟ་བུས་དུས་འདའ། དེ་ལྟ་བུའི་མཚན་ཉིད་ཡོངས་སུ་རྫོགས་པའི་དཔལ་ལྡན་བླ་མ་དམ་པ་དེ་ནི་དགོངས་པ་ཡོངས་སུ་རྫོིགས་ནས་གྱ་ལྔ་པ་ལྕགས་མོ་ཕག་ལ་མཉེལ་ཞི་ནི་ནམ་ཡང་མི་མངའ་བའི་ངང་ནས་
ཕྱག་པད་དཀོར་དང་བཅས་ཏེ། ཉམས་བསམ་དགའ་ལ་བློ་བསམ་བདེ༎ ཐར་པའི་བཙན་ས་ཟིན་པ་ཡིན༎ བདེ་ཆེན་གྱི་ཐང་ལ་འགྲོ་བ་ཡིན༎ བྱང་ཆུབ་ཀྱི་ལམ་ལ་བཞུགས་པ་ཡིན༎ འགྲོ་བའི་འདྲེན་པ་བྱེད་པ་