R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 12b
[A:12b]དཔག་ཚད་བཅུ་གཉིས་བཅུ་གཉིས་སོ༎ ཡུལ་དེའི་ཆུ་བོ་སྔོན་པའི་བྱང་དུ་རུ་ག་མ་དང་། དེའི་བྱང་དུ་སུ་རམྨ་དང་། ཆུ་དེའི་ལྷོར་ཙམྤ་ཀ་དང་། སྤྲེའུ་དང་གསེར་ཞས་༼ཞེས་༽པའི་ཡུལ་ལ་སོགས་པ་ཡུལ་ཆེན་པོ་
བཅུ་གཉིས་བཅུ་གཉིས་ཕྱི་རོལ་གྱི་འདབ་མ་རེ་རེ་ལ་ཡོད་ལ། དེ་རེ་རེར་ཡང་གྲོང་འབུམ་ཕྲག་རེ་རེས་བརྒྱན་པའི་ཡུལ་འཁོར་བརྒྱ་ཕྲག་རེ་རེ་ཡོད་ཅིང་། ཡུལ་ཆེན་པོ་རེ་རེ་ལ་དབང་བསྒྱུར་བའི་ལྷ་དང་ལྷ་མ་
ཡིན་དང་། ཀླུའི་སྤྲུལ་པའི་རྒྱལ་པོ་རེ་རེ་ཡོད་པས་རྒྱལ་པོ་དགུ་བཅུ་རྩ་དྲུག་གི་ཆོས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བཀའ་ཉན་ཞིང་འདུད་པར་བྱེད་དོ༎ དེ་ལྟར་ན་འདབ་མ་རྣམས་ལ་གྲོང་བྱེ་བ་ཕྲག་དགུ་བཅུ་
རྩ་དྲུག་ཡོད་དོ༎ གངས་ལྡན་ནི་འཛམ་བུའི་གླིང་གི་བྱང་གི་གྲུ་གངས་ཀྱི་ཕུང་པོར་གྱུར་པ་ཤམྦྷ་ལའི་གངས་དང་འབྲེལ་བའོ༎ ༎ མི་རྣམས་ཀྱི་ཚེ་ལོ་སྟོང་བརྒྱད་བརྒྱ་པ་ལས་མར་རིམ་
གྱིས་བྲི་སྟེ་ཚེ་ལོ་བརྒྱ་པར་གྱུར་པ་ན། འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ༎ མང་ལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་
བྱང་ཆུབ་བསྐྱེད་པ་མཛད་ནས་ནི༎ ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ༎ སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་