R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 137b
[A:137b]ཡིན༎ མི་ཁོ་བོའི་འདུན་མ་རྩེ་ལ་སོང་༎ ཞེས་གསུངས་ཤིང་བདེ་བ་ཅན་དུ་གཤེགས་ཏེ་སྐུ་གདུང་ལས་ཀྱང་ལྷ་སྐུ་དང་རིང་བསྲེལ་མང་དུ་བྱོན་ནོ༎ བདག་གིས་ལོ་བཅུ་བདུན་པ་ལ་རྗེ་འདིའི་ཞབས་ཀྱི་པདྨོར་བཏུགས་ཏེ་ལོ་སུམ་ཅུའི་
བར་དུ་གུས་པས་བསྟེན་ནས། དུས་ཀྱི་འཁོར་ལོའི་དབང་རྒྱུད་མན་ངག་དང་བཅས་པ་ལེགས་པར་མནོས་སོ༎ ཆོས་རྗེ་རིན་ཚུལ་བ། ཆོས་རྗེ་རིན་ཚུལ་བ་ནི། ཡུལ་ཚ་རག་དབུས་སྡེའི་ཁང་གསར་དུ། ཡབ་དཔོན་དོན་ཡོད་བཟང་པོ་དང་ཡུམ་
བྱང་ཆུབ་ལྡན་གྱི་སྲས་སུ་ཡོས་ལོ་ལ་འཁྲུངས་མཚན་གཞོན་ནུ་བཟང་པོར་བཏགས། བཅུ་གསུམ་པ་ལ་ཆུ་བཟང་དགོན་པར་མཁན་སེངྒེ་རིན་ཆེན་དང་སློབ་དཔོན་རིན་བསམ་པ་ལས་རབ་ཏུ་བྱུང་སྟེ་མཚན་རིན་ཆེན་ཚུལ་ཁྲིམས་སུ་བཏགས།
ལྷུན་གྲུབ་སྒང་དུ་བླ་མ་སེངྒེ་དཔལ་ལ་གུར་བརྟག་སམ་གསུམ་གསན། སློབ་དཔོན་རིན་བཀྲས་པ་ལས་ཕར་ཕྱིན་བྱང་བར་བསླབས། བཅོ་བརྒྱད་པ་ལ་མཁན་ཆེན་སངས་རྒྱས་གཞོན་ནུ་བ། ལས་སློབ་དར་མ་བཟང་པོ།
གསང་སྟོན་པ་རིན་བཀྲས་པས་མཛད་དེ་བསྙེན་པར་རྫོགས། བུ་སྟོན་རིན་པོ་ཆེའི་དྲུང་དུ་ཕར་མངོན། སྤྱོད་འཇུག ཡོ་ག་རབ་འབྱམས་གསན། དེ་ནས་ཡར་ཀླུངས་ལྷུང་མོར་ཆོས་དཔལ་མགོན་པོའི་དྲུང་དུ་དུས་