[A:138a]འཁོར་གྱི་དབང་སྦྱོར་དྲུག་གསན་ཏེ་བསྒོམས་པས་ལུས་ངག་གི་ཉམས་རྡོལ། མྱང་སྟོད་དུ་ལ་སྟོད་པ་དབང་རྒྱལ་ལ་སྦྱོར་དྲུག་རྫོགས་པར་གསན་པས་རྟོགས་པ་འཁྲུངས་ཤིང་མངོན་ཤེས་དང་ལྡན། ཤངས་
སུ་བླ་མ་རིན་སེང་བ་ལ་ལམ་འབྲས་གསན། དེ་ནས་བཟང་ལྡན་དུ་ཀུན་མཁྱེན་ཆེན་པོ་རྒྱུད་འབྲེལ་གསུང་བའི་དྲུང་དུ་བྱོན་པས། ཨེ་ཝཾ་གཟུགས་བསྒྲུབ་ཀྱི་སྐབས་སུ་ཕེབས། དེ་ཉིན་རང་བཤད་པའི་
འཕྲོ་ལ་ཞུགས་ཆོག་པ་བྱུང་། དབང་རྒྱུད་བཤད་མན་ངག་ཕྲན་དང་བཅས་པ་ཡོངས་སུ་རྫོགས་པ། བྱམས་པའི་ཆོས་སྡེ་ཉི་ཤུ་སོགས་མང་དུ་གསན་ཅིང་དཔྱིས་ཕྱིན་པར་མཁྱེན། ལོ་ཙཱ་བ་བློ་གྲོས་དཔལ་བ་ལ་
སེམས་འགྲེལ་གཉིས་སོགས་མང་དུ་གསན། དེར་ཅིག་ཤེས་ཀུན་གྲོལ་གྱི་གནད་གོ་བས། འཇམ་གསར་བའི་གསུང་ལས། ད་ནི་རྫོགས་པའི་སངས་རྒྱས་བྱོན་གྱུར་ཀྱང་༎ མྱུར་དུ་སངས་རྒྱས་ལམ་ནི་ཞུ་བསམ་མེད༎
གསུང་བ་དེ་བདེན་པར་འདུག་གསུང་། སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་ནས་གྲུབ་ཆེན་མན་ལུངས་པ་ལྟ་བུ་ཅིག་མཛད་དགོངས་པ་ན། ཀུན་མཁྱེན་ཆེན་པོས་ངེས་དོན་གྱི་ཆོས་སྟོན་པ་ལ་གཙོ་བོར་