[A:138b]འདོན་པ་ཞུ་གསུང་པ་ལ་བརྟེན་ནས། སློབ་མ་མཐོ་དམན་རིས་མེད་པ་ཁྲིད་ཀྱི་མྱོང་རྟོགས་ལ་སྦྱོར་བར་མཛད། མཉལ་ཕྱོགས་སུ་ཡང་འགྲོ་དོན་མང་དུ་མཛད། ཕྱིས་ཡར་ཀླུངས་ལྷུང་མོན་བཞུགས་དུས་
གཡའ་བཟང་ཁྲི་དཔོན་ཚུལ་འབུམ་འོད་མཆོག་ཏུ་གུས་པར་ཡོད་པ་དེ་འདས་པའི་གཏམ་གསན་པས། ཁོང་ལ་རེས་ང་མ་གཏོགས་མེད་གསུང་ནས་དེ་མ་ཐག་ཐུགས་དམ་ཟབ་མོས་རྗེས་སུ་གཟུང་བས་ཐོ་རང་
ཤིག་ནམ་མཁའ་ལས། ཨེ་མ་སངས་རྒྱས་ཨེ་སངས་རྒྱས༎ ཞེས་སོགས་ཆེད་དུ་བརྗོད་པའི་སྒྲ་གྲགས་གསན། དེ་ནས་མཁན་ཆེན་བསོད་ནམས་འོད་ཟེར་བས་སྟོད་ལུང་གཏེར་མཛོད་དུ་གདན་དྲངས་
ནས་བྱི་རྫོང་ཚོགས་པའི་མཁན་པོར་བསྐོས། གཞོན་རྒྱལ་དུ་ཝེན་ཤ་བས་སྦྱིན་བདག་གི་རྩ་བ་བྱས་ཏེ་ཡོ་བྱད་མཐའ་དག་གིས་བསྟབས། ཚོགས་པ་དང་སྦྱིན་བདག་རྣམས་ལ་ཟབ་ལམ་གྱི་ཁྲིད་
སྩལ། ལོ་གཅིག་ཚོགས་བསྐྱངས་ནས་མཁན་ཆེན་བསོད་ཤེ་བ་གདན་སར་བསྐོས་ཏེ། དར་ཁ་ཆེ་བ་སངས་རྒྱས་འོད་ཟེར་གྱིས་དཀྱིལ་འཁོར་སྡིངས་ཀྱི་དབེན་གནས་བཏབ་ནས་ཕུལ་བར་གཙོ་བོར་