[A:139a]བཞུགས། ཕྱིས་དར་ཁ་ཆེ་བ་གོང་དུ་བཞུད་དུས། ཁོང་འདས་པ་མཁྱེན་ནས་རྩ་རིག་འབུམ་གཏེར་བཟླས་པས་དགའ་ལྡན་དུ་སྐྱེས་པའི་མཚན་མ་བྱུང་། ཀུན་མཁྱེན་ཆེན་པོ་སུ་ལ་ཡང་
ཕྱག་ལན་མི་མཛད་པ་ཡིན་པ་ལ། རྗེ་འདི་ལ་ངེས་དོན་གྱི་མངའ་བདག་ལ་ཕྱག་འཚལ་ལོ་ཞེས་ཕྱག་ལན་མཛད། ཀུན་མཁྱེན་ཆེན་པོ་དབུས་ཕྱོགས་སུ་གདན་དྲངས། ལྷ་སར་དེའི་སྐུ་འདྲ་བཞེངས། ངེས་དོན་
གྱི་བསྟན་པ་འཕེལ་བར་མཛད་ནས་བདེ་བ་ཅན་དུ་གཤེགས་སོ༎ དེའི་སློབ་མ་ཞོ་ལུང་མཚོ་ཁ་བ་ཡོན་ཏན་འཕེལ་དང་། གཉལ་པ་དཔལ་ལྡན་འོད་དང་། རྟོགས་ལྡན་ཡེ་རྒྱལ་བ་གསུམ་ག་ལ།
ལ་ཕྱི་བ་སངས་རྒྱས་དཔལ་གྱིས་གསན། དེ་ལ་ཆོས་རྗེ་ཡེ་ཤེས་དཔལ་བཟང་པོས་སྦྱོར་དྲུག་ཕྲན་དང་བཅས་པ་གསན་ཏོ༎ ཡང་རིན་ཚུལ་བའི་སློབ་མ་ཆོས་ཀྱི་རྒྱལ་མཚན། འཁྲུལ་ཞིག་པ།
བདག་གི་བླ་མ་དུས་འཁོར་ཞབས་སོ༎ བོ་དོང་རིན་ཆེན་རྩེ་མོ། གྲུབ་ཐོབ་སེ་མོ་ཆེ་བའི་སློབ་མ་བོ་དོང་རིན་ཆེན་རྩེ་མོ་ནི། བོ་དོང་རོག་ཚོར་འཁྲུངས། ཨེའི་བླ་ཆོས་པ་གསན་རོང་གཉིས་ཀྱི་དྲུང་དུ་མངོན་པ་བསླབས།