[A:139b]གཉལ་ཞིག་པ་དང་འཇམ་གསར་བ་ལས་ཕར་ཚད་སོགས་མཁས་པར་སྦྱངས། སེ་མོ་ཆེ་བའི་དྲུང་དུ། འཇམ་གསར་བའི་ཕྱག་ཕྱིར་བྱོན་ཏེ། དུས་འཁོར་རྒྱུད་འགྲེལ་དབང་གདམས་ངག་དང་བཅས་པ་མ་ལུས་པར་
གསན། སླད་དུ་འཇམ་གསར་བ་ལ་ཡང་དྲི་གཏུག་མཛད་ཅིང་གསན་པས་མཁས་པར་མཁྱེན། བོ་དོང་ཨེའི་བླ་ཆོས་པ་མཛད། བྲག་རམ་དུ་བཤད་གྲྭ་བཙུགས་པས་སློབ་མ་མཁས་པ་མང་དུ་བྱུང་། ཁྱད་པར་དུ་རྒྱུད་གསུངས་
པས་གདུགས་ཐོགས་པའི་སློབ་མ་བཅོ་བརྒྱད་ཚར། ཁྲིད་ཕོག་པས་ཀྱང་གྲུབ་པ་ཐོབ་པའི་སློབ་མ་མང་དུ་བྱུང་། གུང་ཐང་གི་ལྷ་ཆེན་དཔལ་འབར། ཁྲོད་ཕུ་བྱམས་ཆེན། བོ་དོང་རིན་རྩེའི་ལྷ་མོ་ཆེ་ཞེས་མཉམ་པོར་གྲགས་
པའི་དུས་འཁོར་གྱི་ཐང་ཀ་ཆེན་མོ་བཞེངས། སྟན་ཐོག་གཅིག་ཏུ་བཟླས་བསྙེན་བྱེ་བ་རྫོགས། སྦྱིན་བསྲེག་མཛད་དུས་མེ་ལྕེ་ལ་དཔལ་བེའུ་དང་བཀྲ་ཤིས་འཁྱིལ་པ་སོགས་བྱུང་། སེ་མོ་ཆེ་པ་ལ་ལོང་དུ་ཐུབ།
གར་སྐྱེ་ཞུས་པས། ལོ་ལྔ་བཅུ་རྩ་གཅིག་ཐུབ། ཤམྦྷ་ལར་སྐྱེ་ཞེས་ལུང་བསྟན་པ་ལྟར། ང་གཅིག་པ་ནག་ཟླའི་ཉའི་ཟླ་བ་ཅུང་ཟད་འཕགས་པ་ལ་གཤེགས། དེར་བྱོན་པ་མཁན་ཆེན་གསེར་