[A:140a]ཁང་པས་ཆོས་གསུང་བའི་གྲྭ་ནས་ཀྱང་གཟིགས་སོ༎
སྟག་སྡེ་བ་སེངྒེ་རྒྱལ་མཚན།
དེ་ལ་སློབ་མ་སྟག་སྡེ་བ་དང་། འཇིམས་པ་རིན་ཤེ་དང་། གྲུབ་ཆེན་ཨོཊྱན་པ་སོགས་མང་དུ་བྱུང་བ་ལས། སྟག་སྡེ་བ་སེངྒེ་རྒྱལ་མཚན་
ཆུ་ཕོ་སྤྲེའུ་ལ་ཕ་རི་ལུང་དུ་སྐུ་འཁྲུངས། ལ་སྟོད་བྱང་གི་སྟག་སྡེ་བ་ཡིན། བོ་དོང་རིན་རྩེ་ལ་ཕར་ཚད་མངོན་སུམ། ཁྱད་པར་དུས་འཁོར་གྱི་དབང་རྒྱུད་བཤད་མན་ངག་མཐའ་དག་གསན་པས་མཁས་པ་ཆེན་
པོར་གྱུར་ནས་ཨེར་ཟུར་ཆོས་པ་ཡུན་རིང་དུ་མཛད། རིན་རྩེ་གཤེགས་ནས་ལོང་གྲོང་སོགས་ཆོས་གཞི་རྣམས་སུ་བཤད་ཉན་མཛད་པས། སྔ་ཚར་ལ་ཤོང་སྐུ་མཆེད། དཀོན་གཞོན་ཆེ་ཆུང་། ཐུགས་ཤེ་ཆེ་ཆུང་
སོགས་མཁས་པ་མང་པོ་ཚར་ཏེ་གདུགས་ཐེག་པའི་སློབ་མ་བཅུ་གསུམ་བྱུང་། ཕྱིས་ལ་སྟོད་བྱང་གི་ཚ་སྣར་བཤད་པ་མཛད་པས། རོང་པ་ཤེས་སེང་། སྟག་སྡེ་བརྩོན་རྒྱལ། བླ་མ་དགེ་འདུན་བརྟན། མཁན་པོ་ཡོན་ཏན་
མགོན། དཔང་ལོ་ལ་སོགས་པའི་མཁས་པ་མང་དུ་ཐོན་ཏེ་སློབ་དཔོན་ལས་སློབ་མ་མཁས་ཤེས་གྲགས་པ་བྱུང་། གྱ་གསུམ་པ་ཤིང་ཕོ་རྟ་ལོ་རྒྱལ་ཟླའི་ཆེས་བརྒྱད་ལ་སྐུ་གཤེགས་སོ༎ ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན། ཤོང་ལོ་ཙཱ་བ་རྡོ་རྗེ་རྒྱལ་