[A:140b]མཚན་ནི། ལ་སྟོད་ལྷོའི་སྤྱད་ལུང་ཤར་ཁའི་བོར་ར་ཞེས་པར་སྐུ་འཁྲུངས། གཞོན་ནུ་ལ་རབ་ཏུ་བྱུང་། གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་གྱི་དྲུང་དུ། དུས་འཁོར་ཆག་ལུགས། བདེ་དགྱེས་ཕྲེང་བསྐོར་གསུམ་སོགས་མང་དུ་གསན་
ཅིང་གར་ཐིག་རྩིས་ལ་བྱང་བར་བསླབས་ཏེ། གཟའ་གསལ་བར་བྱེད་པའི་སྒྲོན་མ་སོགས་རྩིས་ཀྱིས་བསྟན་བཅོས་དུ་མ་མཛད། དེ་ནས་ཚ་སྣར་སྟག་སྡེ་བའི་དྲུང་དུ་ཕར་ཚད་མངོན་སུམ་ལ་མཁས་པར་སྦྱངས། དུས་འཁོར་
གྱི་སྐོར་ཤོག་སྡེབ་བཞི་བཅུ་ཙམ་ཕྱག་རིས་སུ་བྲིས་ནས་ཡོན་དུ་ཕུལ་ཏེ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་མན་ངག་དང་བཅས་པ་གསན། འཕགས་པ་རིན་པོ་ཆོས་སྣ་རེས་ས་སྐྱར་བྱོན་པ་ན་བསྟོད་པའི་ཚིགས་སུ་བཅད་པ་སྤེལ་
ལེགས་ཕུལ་ནས་ལོ་ཙཱ་སློབ་ཏུ་འགྲོ་བས་རྫོགས་པར་ཞུ་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། གཞུང་ལུགས་གསར་བ་་བསྒྱུར་བའི་ནུས་པ་འོང་བ་བཀའ་སྟེ། པཎྜི་ཏ་ལ་སློབ་གཉེར་དང་དྲི་གཏུགས་ལེགས་པར་གྱིས་ཤིག
ཁོ་བོས་ཀྱང་ཆོས་ཀྱི་རྗེ་བསྟེན་ཡུན་ཐུང་བས་སྡེབས་སྦྱོར་མེ་ཏོག་གི་ཆུན་བུ་དང་། ཚིག་གཏེར་སོགས་ཚུལ་བཞིན་དུ་མི་ཤོད་པར་སྣང་བས་འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་གྱིས་ལ་ཤོག་ཅིག་གསུངས་ནས། དེ་དག་གི་