[A:13a]སྐུ་ཅན་དེ་ཉིད་ཁོ་ནའོ༎ ཞེས་གསུངས་པ་ལྟར། ཆུ་བོ་གངྒཱའི་འགྲམ་གྲོང་ཁྱེར་སེར་སྐྱར་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་ཟས་གཙང་མ་བྱུང་སྟེ། སྤྱན་རས་གཟིགས་ཀྱི་སྤྲུལ་
པ་སྒྱུ་འཕྲུལ་ཆེན་མོ་བཙུན་མོར་བྱས་ནས་རྒྱལ་སྲིད་ལ་སྤྱོད་དོ༎ དེའི་ཚེ་དགའ་ལྡན་གྱི་དམ་པ་ཏོག་དཀར་པོ་དེས་མི་ཕམ་པ་རྒྱལ་ཚབ་ཏུ་བསྐོས་ནས། དཔྱིད་ཟླ་ཐ་ཆུང་གི་ཉའི་མཚན་ཕྱེད་ལ་རང་ཉིད་གླང་པོ་ཆེའི་
གཟུགས་ཅན་གྱི་བར་སྲིད་མཛད་དེ། སྒྱུ་འཕྲུལ་ཆེན་མོ་གསོ་སྦྱོངས་བླངས་པའི་གློ་གཡས་པར་ཞུགས་ནས་ལྷུམས་སུ་ཙན་དན་གྱི་ཁང་བུ་བརྩེགས་པར་བྱིས་པ་ཟླ་དྲུག་ལོན་པའི་ཚད་ཙམ་པ་མཚན་དང་དཔེ་
བྱད་ཀྱིས་བརྒྱན་ཅིང་ན་བཟའ་དང་བཅས་པ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ། ཚངས་པས་ཕུལ་བའི་ཟིལ་དངར་བཞེས་པས་སྐུ་ལུས་རྟས་པར་མཛད་ཅིང་ཟླ་བ་བཅུ་ཚང་བར་བཞུགས་ནས། སྦོའི་༼དབོ་༽ཟླ་བའི་ཁྱིམ་
ཞག་གི་ཚེས་བརྒྱད་དང་། ཚེས་ཞག་གི་ཉ་ལ་ལུམྦི་ནཱིའི་ཚལ་དུ་སྐུ་བལྟམས། ཡབ་ཀྱིས་དོན་གྲུབ་ཏུ་མཚན་བཏགས། ཞག་བདུན་ན་ཡུམ་འདས་ཏེ་སུམ་ཅུ་རྩ་གསུམ་དུ་སྐྱེས། ཟླ་བ་བཞིན་སེར་
སྐྱའི་ཕོ་བྲང་དུ་བྱོན་ཏེ། ཡབ་ཀྱིས་སྲུ་སྐྱེ་དགུའི་བདག་མོ་སྒྱུ་འཕྲུལ་མ་མར་བསྐོས། དེའི་ཚེ་ཤཱཀྱའི་གཏུམ་མོའི་ཚོགས་རྣམས་འདིས་ཐུབ་པ་བཞིན་དུ་གྱུར་པ་དང་རང་ཉིད་ཐུབ་པ་བཞིན་ཞི་བར་གནས་པས།