R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 143b
[A:143b]པ་ལ་གསེར་ཁང་པས་མཁན་པོ། མེ་སྟོན་པས་ལས་སློབ། བྱང་སྟོབས་པས་གསང་སྟོན་མཛད་དེ་བསྙེན་པར་རྫོགས། ཨ་ཙ་ར་བྱུང་ཚད་ལ་ཕྲལ་སྐད་བསླབས། འཇམ་དབྱངས་བཞི་ཐོག་པ་དང་པཎྜི་ཏའི་བར་གྱི་
ལོ་ཙཱ་མཛད་པས་ལོ་ཙཱ་བར་གྲགས། ཉེར་གཅིག་པ་ལ་བལ་བོར་བྱོན། ར་མ་ཨཱ་ཙརྱ་ལ་ཙནྟྲ་པ་གསན། ས་སྐྱར་བྱོན་ཏེ་ཀ་ལཱ་པ་འགྲེལ་པ་གཉིས་དང་བཅས་པ་བསྒྱུར། ཤོང་
སྟོན་ལེགས་བཤད་ལྡེ་མིག་བླང༎། ལེགས་སྦྱར་སྐད་ཀྱི་གཏེར་ཁ་ཕྱེ༎ སྣ་ཚོགས་གཞུང་ལུགས་རིན་ཆེན་བླངས༎ ལེགས་བཤད་དགའ་སྟོན་འགྱེད་ལ་དབང་༎ ཞེས་གསུངས། དགོ་ཤིང་པ་ལ་བསྟོད་པ་
རྒྱན་ཕྲེང་མཛད་ནས་བསྐུར་བས་ངང་དེ་དངུལ་བྲེ་ཆེན་ཕུལ་བ་བསྣམ་ནས་ཡང་བལ་བོར་བྱོན། པཎྜི་ཏ་སྔ་མ་གཉིས་དང་རྒྱ་གར་ཤར་ཕྱོགས་ཀྱི་ཙུ་ཊ་པཎྜི་ཏ་རྣམས་བསྟེན་ནས། དགོངས་རྒྱན་སོགས་བསྒྱུར།
སླར་ས་སྐྱར་ཕེབས་དུས་འཇམ་སྐྱ་པས་གཙོ་མཛད་ཀྱིས་སེར་ཕྲེང་དང་བཀུར་ཆ་ཆེན་པོ་མཛད། བལ་བོར་ལན་བདུན་དུ་བྱོན། བལ་པོའི་པཎྜི་ཏ་ཕལ་ཆེ་བས་མན་སྙེ་དང་དགོངས་རྒྱན་སོགས་བཞུས།