R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 144a
[A:144a]ས་སྐྱར་བཞི་ཐོག་པ་དང་འཇམ་སྐྱ་པ་ལ་ལམ་འབྲས་སོགས་མང་དུ་གསན། སོ་གཉིས་པ་ལ་གུང་ཐང་གནས་པོ་ཆེར་ཆོས་གཞིས་བཙུགས་ཏེ། གུང་ཐང་པ་བདེ་བློ་སོགས་སློབ་མའི་ཚོགས་རྒྱ་མཚོ་
ལྟ་བུ་འདུས་པ་ལ། དབྱར་དུས་འཁོར། དགུན་ཕར་ཚད་མངོན་གསུམ་གྱི་དུས་ཆོས་གསུངས། དེའི་ཚེ་ཡང་བླ་མ་དགེ་འདུན་བརྟན་དང་རི་འདབས་པ་ལ་དབང་ལུང་། སྦྱོར་དྲུག་གསན། སྙན་པས་གྲགས་པས་རྒྱ་གར་
ཧོར་ཡུལ་ཚུན་ཁྱབ། ཡང་ཚེ་དང་ཧོར་རྒྱལ་པོས་གདན་འདྲེན་རིམ་པར་བྱུང་བ་ལ། བར་ཆད་དུ་གཟིགས་ནས་སྤྲིང་ཡིག་གོང་འོག་ཅན་གྱིས་ཡ་ཚེ་བ་བཟློགས་ཤིང་། སྤྱད་ཕུ་དགོན་གསར་ལ་སེངྒེ་གླིང་དུ་བཏགས་
ཏེ་དེར་བཞུགས་པས་ཧོར་བཟློགས། སྡིག་པའི་གྲོགས་པོའི་ཡོ་བ་རིང་དུ་སྤངས༎ བདུད་ཀྱི་ཞགས་པའི་འཆིང་བ་ཆེ་ལས་གྲོལ༎ འཇིགས་པ་མེད་པ་སེངྒེའི་གླིང་དུ་སླེབ༎ དཔལ་ལྡན་བློ་གྲོས་བརྟན་པའི་བསམ་པ་འགྲུབ༎
ཅེས་གསུང་། སྐབས་དེར་ས་སྐྱར་བྱོན་ནས་ལོ་མཆོག་བ་ལ་མངའ་བའི་བཀའ་ལུང་མཐའ་དག་ལོ་ཉི་ཤུ་རྩ་ལྔའི་བར་བསྟེན་ཏེ་བུམ་པ་གང་བྱོའི་ཚུལ་དུ་གསན། ཤས་ཆེར་གནས་པོ་ཆེར་བཞུགས།