R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 144b
[A:144b]བཤད་བསྒྱུར་རྩོམ་གསུམ་གྱི་སྒོ་ནས་བསྟན་པ་གསལ་བར་མཛད། ཤིན་ཏུ་སྡིག་ལ་འཛེམས་པའི་བློས༎ ཆོས་སྤྱོད་བཅུ་བོ་འབད་པས་བསྒྲུབ༎ དེ་ཡིས་གཞན་ཕན་ཅི་ནུས་བྱེད༎ རྣལ་འབྱོར་བདག་
གི་ལས་ཀ་ལགས༎ ཞེས་གསུངས། སླར་ཡང་ས་སྐྱར་བྱོན་ཆོས་མང་དུ་གསུངས། གྱམ་དང་ཨེའི་གདན་ས་ཐེགས་ཙམ་མཛད། དེ་ནས་དབུས་སུ་བྱོན་པའི་ལམ་དུ་གླེགས་བམ་མང་པོ་སློབ་མ་ལ་བཀྱེ་བའི་
མནལ་ལམ་བྱུང་བས་ཟླ་བ་བཅུ་དྲུག་གི་བར་དབུས་སུ་བཞུགས་ནས། ལྷ་ས། བསམ་ཡས། གུང་ཐང་། སྟག་ལུང་། ར་སྒྲེང་། གནང་ནེའུ་ཐོག་རྣམས་སུ་དུས་འཁོར། དགོངས་རྒྱན། ཕར་
ཚད་མངོན་སུམ། དབུ་མ་རྒྱན། སྒྲ་སྙན་ངག ཟབ་མོའི་མདོ་སྔ་སོགས་ཆོས་མང་དུ་གསུངས་པ་དབུས་ཀྱི་དགེ་བའི་བཤེས་གཉེན་ཕལ་མོ་ཆེས་གསན། ད་ནི་ཤི་ཡང་མི་འགྱོད་དོ༎ ཞེས་གསུངས།
དེ་ནས་སྣར་ཐང་དུ་མཆིམས་བློ་བཟང་པ་སོགས་ལ་དུས་འཁོར་དགོངས་རྒྱན་སྒྲ་སྙན་སོགས་གནང་། དེ་ནས་ཨེ་དང་ས་སྐྱའི་བར་དུ་བྱོན། གཞི་འགྱུར་དང་ཞུ་ཆེན་མང་དུ་མཛད་ཅིང་། དུས་འཁོར་