R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 145a
[A:145a]འགྲེལ་ཆེན་གྱི་སྟོད་འགྲེལ་སོགས་བསྟན་བཅོས་མང་དུ་མཛད་ནས། རེ་བདུན་པ་ཆུ་ཕོ་རྟའི་ནག་ཟླའི་ཚེས་བཅུ་གསུམ་ལ་བདེ་བ་ཅན་དུ་གཤེགས་སོ༎ ལོ་ཆེན་བྱང་ཆུབ་རྩེ་མོ། དམ་པ་འདི་ལ་བླ་མ་དོན་ཡོད་
རྒྱལ་མཚན། དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན། ལོ་ཆེན་བྱང་རྩེ་སོགས་མཁས་གྲུབ་ཀྱི་སློབ་མ་མང་དུ་བྱུང་བ་ལས། ལོ་ཆེན་ནི། ལ་སྟོད་ཟུར་ཚོ་ཞེས་པར་ཡབ་གཞོན་ནུ་དཔལ་
བཟང་། ཡུམ་དཔང་ལོའི་ལྕམ་མོ་ཡེ་ཤེས་སྨན་ནེའི་སྲས་སུ་ཤིང་མོ་ཡོས་ལ་འཁྲུངས། དགུང་ལོ་བདུན་པ་ལ་དཔང་ལོ་ལས་དགེ་བསྙེན་མནོས་མཚན་དཔལ་ལྡན་བྱང་ཆུབ་རྩེ་མོར་བཏགས། ཤོང་
གི་དབོན་པོ་ཆོས་སྐྱོང་དཔལ་ལས་རབ་ཏུ་བྱུང་། བཅུ་དྲུག་པ་ལ་གུང་ཐང་གནས་པོ་ཆེར་དཔང་ལོ་ལས་མངོན་ཚད་གསན་ཅིང་སྦྱངས། དཔང་ལོ་བོ་དོང་ཨེའི་གདན་སར་བཞུགས་དུས་ལོ་བཞིའི་
བར་རིག་པའི་གནས་ཕལ་མོ་ཆེ་ལ་སྦྱངས། ཉེར་གསུམ་པ་ལ་འཇམ་དབྱངས་དོན་ཡོད་རྒྱལ་མཚན་གྱིས་མཁན་པོ། དཔང་ལོའི་ལས་སློབ། ཆོས་རྗེ་བསོད་ནམས་རྒྱལ་མཚན་གྱིས་གསང་སྟོན་མཛད་