R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 13b
[A:13b]ཤཱཀྱ་ཐུབ་པ་ཞེས་མཚན་གཉིས་པ་བཏགས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་འདིའི་ཞབས་ལ་ཕྱག་བྱས་པས་ལྷའི་ཡང་ལྷ་ཞེས་མཚན་གསུམ་པ་
བཏགས། དྲང་སྲོང་ནག་པོ་ཉོན་མོངས་མེད་ཀྱིས་སངས་རྒྱས་སུ་འགྱུར་བར་ལུང་བསྟན། དགུང་ལོ་ལྔ་པ་ལ་དབུ་སྐྲ་བྲེགས་ཤིང་། དྲུག་པ་ལ་གཙུག་ཕུད་བཞག་ནས་གསེར་གཞོང་དུ་འབྲས་ཆེན་གསོལ་
བ་མ་མས་བཀག་ཀྱང་མ་ཐུབ་པས་གླང་པོ་ཆེ་ལྔ་བརྒྱ་ལ་སྣོད་ཏེ་བཏགས་ཏེ་འཕྲོག་པར་བརྩམས་པ་ན། མཛུབ་མོས་གླང་ཆེན་དེ་དག་ཚུར་དྲངས་པས། འདིའི་ལག་པ་གཉིས་ཀྱིས་གླང་པོ་སྟོང་ཐུབ་པོ་ཞེས་
མཚན་བཞི་པ་གླང་པོ་སྟོང་ཐུབ་ཏུ་བཏགས། ཀུན་གྱི་བཤེས་གཉེན་སོགས་སློབ་དཔོན་རྣམས་ལས་ཡི་གེ་ལ་སོགས་པ་སློབ་པ་ལྟར་མཛད་ནས། བཟོ་དང་སྒྱུ་རྩལ་གྱི་གནས་མཐའ་དག་ལ་བྱང་བར་འགྱུར།
དགུང་ལོ་བཅུ་དྲུག་རྫོགས་པ་ན་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་ལྷ་མོ་དཔལ་ཆེན་མོའི་སྤྲུལ་པ་གྲགས་འཛིན་ནམ་ས་འཚོ་མ་ཞེས་པ་རུ་མཚོན་དུ་བཞག་ནས། བརྒྱ་བྱིན་གྱི་སྤྲུལ་པ་ལྷ་སྦྱིན་ལ་སོགས་པ་ཤཱཀྱ་ལྔ་
བརྒྱ་དང་སྒྱུ་རྩལ་མཐའ་དག་འདྲེན་༼འགྲན་༽པ་ལས་རྒྱལ་བ་དང་། བཅུ་བདུན་པ་ལ་ཡབ་ཀྱིས་རྒྱལ་ཚབ་ཏུ་བསྐོས་ཏེ། ས་འཚོ་མ་བཙུན་མོའི་འཁོར་བརྒྱད་ཁྲི་བཞི་སྟོང་དང་བཅས་པ་བདག་གིར་མཛད། དགུང་ལོ་