R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 150b
[A:150b]གྱི་དམར་ཞུ་བར་བརྩམས་པ་ན། ང་ནི་ཡུལ་དུ་འགྲོ་བར་རིགས་སོ༎ ཡབ་དང་ཡུམ་ནི་ན་བས་བལྟ་བར་བྱའོ༎ དབང་བསྐུར་ནི་ཕྱིས་ཞུ་བར་འཐད་དོ་ཞེས་སྨྲའོ༎ ཕྱིས་ཞུ་བ་དཀའ་བས་ད་ལྟ་ཞུའོ་ཞེས་སྨྲས་
པས། ངས་དེ་ཙམ་དུ་ཁྱོད་ལ་བསམ་ནས་ཁྱོད་འདི་ལྟར་བྱེད་པ་ནི་ཤིན་ཏུ་མི་རིགས། ད་ལྟ་འདེང་ཞེས་སྨྲ་ཞིང་འབྲང་དང་ཁྲེས་པ་འོང་བསྡོག་པར་བྱེད་དོ༎ དེ་ལྟར་བྱས་ཀྱང་གཤེགས་པར་ཆས་པ་ན། འབྲང་དང་ཁྲེས་པོ་
སྐས་འོག་ཏུ་བསྒྱུར། ཡུན་རིང་འགྲོགས་པའི་གྲོགས་པོས་བསླུས་སོ༎ ད་ནི་ང་འགྲོ་བས་ཁྱེད་ཀྱིས་སྐྱེལ་ཐུང་གྱིས་ཤིག་ཅེས་སྨྲ་བ་ལ། ཐར་པ་གླིང་གི་མོ་དབེན་སྒང་ཁར་བསྐྱལ་པས། དེ་ན་འདུག་པའི་རྟ་ལ་བཞོན་
ནས་ནམ་མཁའ་ལ་འཕགས་ཏེ། རྟ་དེ་སེངྒེའི་རྣམ་པར་བསྒྱུར་ནས་དཔོན་གུ་རུ་བ་ཅེས་པའི་གནས་བརྟན་གྱི་རྣམ་པས། ལག་པས་འགྲམ་པ་བསྐྱོར་ཏེ་གླུ་ལེན་ཅིང་མགོ་སེ་ཡེ་རེ་ལ་རྒན་བརྒལ་
ནས་སོང་ངོ་༎ དེ་ནས་དབྱལ་ལ་གཤེད་དམར་གྱི་དབང་ཞུས། མཚན་ཡང་རྣམ་རྒྱལ་རྡོ་རྗེར་བཏགས། དེ་ཕྱིན་ཆད་བདུད་ཀྱི་བར་ཆད་ཀྱིས་མ་ཚུགས་སོ༎ གཞན་ཡང་བརྟག་གཉིས་ནཱ་རོ་