R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 14a
[A:14a]ཉེར་དགུ་པ་ལ་གྲོང་ཁྱེར་གྱི་སྒོ་བཞིར། རྒས་པ་དང་། ན་བ་དང་། འཆི་བ་དང་། རབ་ཏུ་བྱུང་བ་རྣམས་གཟིགས་པས། ཐ་སྐར་གྱི་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་མངོན་པར་
འབྱུང་བའི་ཐུགས་སྐྱེས་པ་ན། ད་ནི་ཞག་བདུན་ལ་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་མཚན་མཁན་རྣམས་ཀྱིས་ལུང་བསྟན་པ་ཐོས་ནས། ཤཱཀྱང་རྣམས་ཀྱིས་མེལ་ཚེ་
བྱས་ཏེ་བསྲུངས་པ་ན་ཉའི་མཚན་མོ་གྲགས་འཛིན་མའི་མངལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སྒྲ་གཅན་འཛིན་བཟང་པོ་སྲས་ཀྱི་ཚུལ་དུ་བརྫུས་ཏེ་སྐྱེས། ནམ་ཕྱེད་ན་རྟ་བསྔགས་ལྡན་ལ་བཅིབས། ལྷ་རྣམས་
ཀྱིས་བསྐོར་ནས་ནམ་མཁའ་ལ་འཕགས་ཏེ་ཤར་ཕྱོགས་སུ་དཔག་ཚད་བཅུ་གཉིས་འདས་པ་ཡངས་པ་ཅན་དུ་བཞུགས་ནས། དབུ་སྐྲ་རང་ཉིད་ཀྱིས་བཅད་དེ་རབ་ཏུ་བྱུང་། དེ་ཉིད་དུ་རིང་འཕུར་ལ་ཅི་ཡང་མེད་པ་
དང་། གངྒཱ་བརྒལ་ཏེ་མ་ག་དྷར་ལྷག་སྤྱོད་ལས་སྲིད་རྩེའི་སེམས་དག་མངོན་དུ་མཛད་དེ་དགེ་སྦྱོང་གཽ་ཏ་མར་མཚན་གསོལ། དེ་ནས་དཀའ་ཐུབ་ཀྱི་གནས་སུ་གདུང་བ་ལྔའི་སྦྱོར་བས་བཞུགས་པས་དྲང་སྲོང་
རྣམས་ཀྱིས་དགེ་སྦྱོང་ཆེན་པོར་མཚན་གསོལ། དེ་ནས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་དུ་དགུན་ཟླ་ཐ་ཆུང་གི་ཚེས་བརྒྱད་ནས་དབུགས་རྒྱུ་བ་བཅད་དེ་ལོ་དྲུག་ཏུ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས་