R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 157b
[A:157b]ན་ནམ་མཁའ་ལ་ཧཱུཾ་གི་སྒྲ་ཆེ་ལ་ཡུན་རིང་བ་ཅིག་བྱུང་བས་དྲུང་ན་གནས་པ་ཐམས་ཅད་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་ཡུན་རིང་དུ་གནས་པ་བྱུང་། དེ་དུས་ཏི་ར་ཧཱུ་ཏི་བ་དང་ཏུ་རུཀྵ་འཁྲུགས་ནས་ལམ་མི་བདེ་བས་ཡ་ཙེ་ལ་བྱོན།
རྒྱལ་པོ་ཨ་སོག་ལྡེས་བླ་མར་བཀུར། དེར་འཛལ་བ་ནམ་ཡེས་སྐུ་ཚབ་ལ་བཞག་ནས་རྡོ་རྗེ་གདན་དུ་བྱོན། བྱང་ཆུབ་ཆེན་པོ་ལ་མཆོད་ཅིང་སྒྲུབ་པ་མཛད། བདུད་འཇོམ་པའི་ལྷ་ཁང་བསོས། དེའི་དུས་སུ་
དུས་འཁོར་བསྡུས་རྒྱུད་མཚན་བརྗོད་སེམས་འགྲེལ་གསུམ་ལ་དོན་ཁྱད་པར་ཅན་གསར་དུ་རྟོགས། དེ་དང་མཐུན་པའི་ཡི་གེ་རྣམས་ཀྱང་མཛད། སླར་ཡང་ཡོས་ལོ་ལ་བལ་བོར་ཕེབས། བོང་ཙོག་པའི་སའི་ཆ་
དབེན་གནས་ལྕམ་པ་སྐོར་དུ་ཐུགས་དམ་མཛད། དེ་དུས་རྒྭ་ལོའི་སྲས་ནམ་མཁའ་དཔལ་སོགས་དཔོན་གཡོག་སུམ་ཅུ་ཙམ་གྱིས་གདན་དྲན་ལ་སྐྱི་རོང་དུ་སླེབ། རྒན་པོ་རྣམས་ཉེན་འགྲོ་བས་ངེད་སྐྱི་རོང་དུ་འགྲོ་
གསུང་ནས་བྱོན། དེ་རྣམས་ཀྱིས་ཞུ་བ་ཞུ་རྟེན་དང་བཅས་པ་ཕུལ་བས་ལོ་གཅིག་གི་ཁོངས་སུ་ཕེབས་པར་ཞལ་གྱིས་བཞེས། བཀའ་ཤོག་མཛད་ནས་མན་ལུངས་ཀྱི་གདན་སློབ་དཔོན་བསོད་ནམས་རྒྱལ་