R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 158a
[A:158a]མཚན་བསྐོས། དེ་ནས་ལྕགས་ཕོ་འབྲུག་ལ་ཕུག་རྫོང་དང་དཀར་ལུང་དུ་བྱོན་ཏེ་བླ་མ་དཔལ་བཟང་པོ་མཇལ། མན་ལུངས་དང་སྡིངས་པོ་ཆེར་ཡང་བྱོན། ལྷ་སར་བྱོན་ནས་
མཆོད་པ་མཛད། དེ་དུས་ལམ་དུ་ཚུར་ཕུའི་དཀོན་གཉེར་ཅིག་གིས་གཞན་ལ་བསྐོར་ནས་བསྙེན་བཀུར་ལན་བརྒྱད་ཞུས་ཀྱང་ཐུགས་མཁྱེན་གྱི་མ་གསོལ། ལྷ་རིན་ཆེན་རྒྱལ་པོ་དང་རྗེ་བཙུན་རྒྭ་ལོ་སོགས་བླ་
མ་རྣམས་མཇལ། དེ་ནས་ཕུག་རྫོང་དུ་ལོ་ངོ་གསུམ་བཞུགས་ནས་ཐུགས་དམ་མཛད། དེ་དུས་མན་ལུང་པ་རྣམས་ཀྱི་ཆོས་སྐལ་བྱེད་པ་ཡིན་གསུང་ནས། རྒྱུད་འགྲེལ་གྱི་བཤད་པ་དང་སྦྱོར་དྲུག་གི་ཁྲིད་
མང་པོ་གནང་། ཞེ་བཞི་པ་ཆུ་ཕོ་རྟ་ལ་རྗེ་བཙུན་རྒྭ་ལོ་གཤེགས་པས་ཀྱང་ཐུགས་བསྐུར་ཏེ། ཁྱེད་རྣམས་མཚན་བརྗོད་མང་དུ་ཐོན། སུ་ཤི་སྔ་བ་ང་དང་འཕྲད་པ་སྔ་བ་ཡིན་ཡན་པར་མི་འགྲོ་
ཞེས་དང་། ང་དོན་ཆེན་པོ་སྒྲུབ་དགོས་པར་ཡོད་གསུངས་ནས། ཡ་ཙེར་བྱོན་ཏེ་རྒྱལ་པོ་ཨ་སོག་ལྡེ་དང་། དེའི་མཆོད་གནས་པཎྜི་ཏ་རཏྣ་ཀཀྵི་ཏ་ལ་ཆོས་མང་དུ་གསན། རོང་སྣར་པ་བྱང་ཡེས་