[A:158b]སྐུ་ཚབ་ཏུ་བཞག་ནས། བྱང་ཆུབ་དཔལ། རིན་བསོད། སྟག་ཚལ་ལོ་ཙཱ་བ་གྲགས་པ་བྱང་ཆུབ། འོད་ཟེར་སྙིང་པོ། དཔལ་ལེ་རྣམས་ཕྱག་ཕྱིར་ཁྲིད་ནས་རྡོ་རྗེ་གདན་དུ་བྱོན། མཆོད་པ་དང་སྒྲུབ་པ་ལ་
ནན་ཏན་དུ་མཛད། ང་འདིར་སྡོད་ཁྱེད་རང་རྣམས་བྱང་ཆུབ་གླིང་གི་རིའི་རྒྱབ་ཏུ་ལོ་བཅུ་གཉིས་བསྒོམས་གསུང་། བླ་མ་དང་ནམ་མཇལ་ཞུས་པས། དཔྱིད་འབྲིང་ནག་པའི་ཉ། འདི་དུས་ཁྱད་པར་ཅན་ཡིན་
པས་མཆོད་པ་བཤོམས་ལ་གསོལ་བ་ཐོབ། དག་པའི་དབྱིངས་སུ་ངེས་པར་ཕྲད་འོང་གསུང་། བླ་མ་གཅིག་པོ་དེར་བཞུགས། གཞན་རྣམས་ཚད་པ་མ་ཐུབ་ནས་ཚུར་ལ་འོངས། དེའི་ཕྱི་ལོ་སྤྲེའུའི་
ལོ་ལ། ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། སྟག་ཚལ་ལོ་ཙཱ་བ་གྲགས་པ་བྱང་ཆུབ། ཞང་བསོད་ནམས་དར་སོགས་མི་དགུས་རྡོ་རྗེ་གདན་དུ་བྱོན། ཟབ་ལམ་གྱི་ཁྲིད་ཆ་ལག་དང་བཅས་
པ་ཞུས། བོད་ལ་འབྱོན་པར་ཞུས་པས། ད་ཤྲཱི་དྷཱ་ནྱ་ཀ་ཊ་ཀ་ར་འགྲོ་བ་ཡིན་གསུངས་ནས་མ་གནང་། བྱ་ལོའི་དགུན་ཚུན་བཞུགས་པར་ཞུས་ནས་ཁོང་རྣམས་བོད་ལ་བྱོན། ཞང་དེར་གུམ།