[A:159a]གཞན་རྣམས་ཀྱིས་སློབ་དཔོན་བྱང་ཆུབ་དཔོན་དཔལ་ལ་ལན་རྣམས་སྤྲད། ཁོང་གིས་སློབ་དཔོན་རིན་བསོད་མན་ལུངས་སུ་བཏང་། མན་ལུངས་པ་རྣམས་ཀྱིས་གསེར་སྲང་ཉི་ཤུ་རྩ་
བདུན་རིན་བསོད་ལ་བསྐུར་ནས་བརྫངས། བྱང་ཆུབ་དཔལ་བ་སློབ་དཔོན་དང་བཅས་པས་རྒྱ་གར་དུ་བྱོན། དེའི་བར་ལ་གྲུབ་ཆེན་ཉིད་ཀྱིས་བྱང་ཆུབ་ཆེན་པོའི་དྲུང་དུ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཤིང་
ཁྱད་པར་ཞག་བཅུ་བདུན་གྱི་བར་དུ་ས་སྡེ་བཙུགས་ཏེ། འབྲས་ཉག་མ་གཅིག་དང་། བཏུང་བ་ཐིགས་པ་གཅིག་ཡང་མ་གསོལ་བར་བདག་ལ་ལུང་སྟོན་ན་ལེགས། མི་སྟོན་ན་འཆི་བའི་དུས་
བྱེད་ཀྱང་བླའོ་ཞེས་དམ་བཅའ་བརྟན་པོ་མཛད། ཞག་བཅོ་ལྔ་ན་མ་ག་དྷའི་པཎྜི་ཏ་མུ་ཁ་ཏི་མཻ་ཏྲི་དང་། གནས་པོ་ར་མ་སོགས་ཀྱིས་དབུ་ལ་ཆུ་བླུག་པ་ཚོར་བ་ཙམ་བྱུང་། ཞག་བཅུ་བདུན་ན་
བྱང་ཆུབ་ཆེན་པོའི་ཞལ་ནས། པོ་ཏ་ལ་ན་སྤྱན་རས་གཟིགས་འཁོར་བྱང་སེམས་མང་པོ་ལ་ཐེག་པ་ཆེན་པོའི་ཆོས་སྒྲ་རྒྱུན་ཆད་མེད་པར་སྒྲོག་པའི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་དུ་སོང་ཅིག ཅེས་ལུང་བསྟན་