R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 159b
[A:159b]དོན་དུ་ནི་སོར་བསམ་གྱིས་རླུང་དབུ་མར་ཞུགས་པའི་མཐུས་ལུང་བསྟན་ཐོབ་སྟེ། མ་ག་དྷའི་རྒྱལ་པོ་བུདྡྷ་སེ་ན་དང་། པཎྜི་ཏ་མུ་ཁ་ཏི་མཻ་ཏྲི་སོགས་མང་པོས་ཤོལ་བཏབ་ཀྱང་མ་ཐེབས་པར། བཀའ་ཤོག་ཅིག་བཞག་སྟེ།
པཎྜི་ཏ་མུ་ཁ་ཏི་མཻ་ཏྲའི་དཔོན་པོ་གཽ་ཏ་མ་བྷ་ཏྲ་དང་། རྒྱ་གར་ཤར་ཕྱོགས་ཙནྡྲ་ཌཱི་པ་ཞེས་པ་ཟླ་བའི་གླིང་གི་བཙུན་པ་ཛེ་ཏཱ་རི་བྷ་དྲ་གཉིས་ཕྱག་ཕྱིར་ཁྲིད་ནས་ཤིང་མོ་བྱའི་ལོའི་སྨིན་དྲུག་གི་ཟླ་བའི་ཚེས་བརྒྱད་ལྷོ་ཕྱོགས་
སུ་གཤེགས་སོ༎ དེར་བླ་མ་བྱང་ཆུབ་དཔལ་ལ་སོགས་པ་རྣམས་ཀྱིས་ཟླ་བ་དེའི་ཉེར་དྲུག་ལ་རྡོ་རྗེ་གདན་དུ་སླེབས། བཀའ་ཤོག་གི་ལུགས་བཞིན་གསེར་རྣམས་ལ་རྡོ་རྗེ་གདན་དུ་མཆོད་པ་རྒྱས་པ་མཛད། བྱང་ཆུབ་དཔལ་བ་དང་།
ལོ་ཙཱ་བ་གྲགས་པ་བྱང་ཆུབ་སོགས་ཀྱིས་བཀའ་བཞིན་བལ་བོད་མཚམས་ཀྱི་བྱང་ཆུབ་གླིང་གི་རི་ལ་ཐར་པ་གླིང་ཞེས་པའི་དགོན་པ་བཏབ་ནས་ལོ་བཅུ་གཉིས་འདག་འབྱར་ལ་བཞུགས་ནས་ཐུགས་དམ་མཛད་པས་གྲུབ་པ་བརྙེས།
བྱང་ཆུབ་གླིང་པ་ཞེས་གྲགས་ཏེ་གྲུབ་ཐོབ་ཀྱི་བུ་སློབ་མང་དུ་ཐོན་ཏོ། འོད་ཟེར་སྙིང་པོ་ནི་དབེན་གནས་ལྕམ་པ་བསྐོར་དུ་བཞུགས་ཏེ་གྲུབ་པ་བརྙེས་སོ༎ གྲུབ་ཆེན་དཔོན་སློབ་གསུམ་གྱིས་རི་བྱ་རྐང་དང་། ཛམྦཱུའི་གླིང་