R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 160a
[A:160a]གི་གནས་ཆེན་པོ་བཞི་དང་བརྒྱད་དང་བཅུ་གཉིས་སོགས་གཟིགས་ནས། དཔལ་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་བཞུགས་ཏེ་ཕྱག་མཆོད་བསྐོར་བ་དང་བསྒྲུབ་པ་ལ་ནན་ཏན་དུ་མཛད་པས།
སྐྱེ་བའི་ལས་ཟད་པའི་རྟགས་སུ་ཞབས་ལས་ཁྲག་མང་པོ་ཟགས། དེ་ཆད་པ་དང་ད་ང་ལ་འཆི་བ་མི་འོང་གསུངས། བཟའ་བཏུང་བསམ་གྱིས་མི་ཁྱབ་པ་གསོལ་ཡང་ཟག་པ་མི་འཛག གཅིག་ཀྱང་མ་གསོལ་ཡང་
མི་བཀྲེས། སྟག་ལ་སོགས་པའི་གདུག་པ་ཅན་རྣམས་ཀྱིས་གུས་འདུད་བྱེད། ཚད་པ་ལ་སོགས་པའི་ནད་ཀྱིས་མི་རྫི། སྐུ་ལ་གྲིབ་མ་མེད། གཞན་གྱི་དབུགས་ཕྱི་ནང་དུ་རྒྱུ་བ་མི་ཚོར། ཆུ་ལ་མི་འབྱིང་།
སྐུ་ལུས་ཡང་བས་ནམ་མཁའ་ལ་ཡང་ཐེགས། གྲུབ་པ་ཐོབ་པའི་སྙན་པས་ས་ཐམས་ཅད་དུ་ཁྱབ། པཎྜི་ཏ་བི་མ་ལ་ཤྲཱིས་ཆོས་འབྱུང་རབ་གཟིགས་ཞེས་པ་ལ་སོགས་པའི་བསྟོད་པ་མཛད། དེའི་ཚེ་གཽ་ཏ་མ་བྷ་དྲ་ལ་
ཁྱོད་བོད་དུ་སོང་ལ་ཤེར་ཕྱིན་སྟོང་ཕྲག་བརྒྱ་བའི་ལུང་ལོང་། བོད་ཀྱི་དཔེ་ལས་རྒྱ་དཔེར་བསྒྱུར། ཛ་ཡ་པུ་རིར་དགེ་འདུན་གྱི་སྡེ་ཚུགས་དེས་ཀྱང་བཀའ་བཞིན་ས་ཕོ་བྱི་བ་ལོ་ལ་མན་ལུངས་སུ་ཕེབས། མན་