R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 160b
[A:160b]ལུངས་པ་དང་། ས་སྐྱ་པ་རྣམས་ཀྱིས་བརྫངས་པའི་གསེར་གྱིས་རྟེན་སོ་བྱས་ནས། རྒྱལ་པོའི་ཁབ་ཀྱི་ཛ་ཡ་པུ་རིར་ཐེག་པ་ཆེན་པོའི་དགེ་འདུན་གྱི་སྡེ་བཙུགས། རབ་ཏུ་བྱུང་བ་སུམ་ཅུ་རྩ་གསུམ་རེ་བཞུགས་ཏེ།
མ་ག་དྷར་ཆོས་ཚུགས་བཟང་ཤོས་སུ་གྲགས་སོ༎ གྲུབ་ཆེན་ཉིད་ཛེ་ཏཱ་རི་བྷ་དྲ་དང་ལྷན་ཅིག་འབྲས་སྤུངས་ནས་ལྷོ་ཕྱོགས་སུ་བིམྦ་ཀཱ་ཡ་ཞེས་པ་རེག་པ་མེད་པའི་གདུགས་ཅན་དུ་གྲགས་པ་དེར་བྱོན། དེ་ནས་ཀྱང་
ལྷོ་ར་ཛྙཱ་ན་ཀཱ་ཡ་ཞེས་པ་རྟེན་ཆུ་ནང་དུ་བཞུགས་པ་དེའི་གནས་སུ་བྱོན། སླར་ཡང་འབྲས་སྤུངས་ཀྱི་མཆོད་རྟེན་དུ་བྱོན་ཏེ། པཎྜི་ཏ་སུ་ཙ་རི་བྷ་དྲ་སོགས་སྐལ་བ་དང་ལྡན་པ་མང་པོ་ལ། དུས་འཁོར་
གསང་འདུས་བདེ་དགྱེས་ལ་སོགས་པའི་དབང་བསྐུར་རྒྱུད་བཤད། ཟབ་ལམ་གྱི་ཁྲིད་མང་དུ་གནང་སྟེ། རྒྱ་གར་ལྷོ་ཕྱོགས་སུ་སློབ་མ་གྲུབ་ཐོབ་མང་དུ་བྱུང་ཞིང་རྡོ་རྗེ་ཐེག་པ་དར་བར་མཛད་དོ༎ དེའི་ཚེ་ས་མ་
བརྟན་གྱི་བདེ་བ་གྱེན་དུ་ཁ་བལྟས་ཏེ། རྣམ་སྨིན་གྱི་ལུས་མ་བོར་བར་མི་འགྱུར་བའི་བདེ་བས་རིག་པ་འཛིན་པའི་སྐུ་བརྙེས། ས་ཐོབ་འཇིགས་པ་ལྔ་དང་བྲལ་ཞེས་པའི་ཡོན་ཏན་ཐམས་ཅད་རྫོགས།