[A:161a]བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེས་རྫུ་འཕྲུལ་སྣ་ཚོགས་པ་འགྱེད། ཛེ་ཏཱ་རི་བྷ་དྲ་ལ་ཁྱོད་ཛམྦཱུའི་གླིང་གི་གནས་ཆེན་པོ་བཞི་དང་བརྒྱད་དུ་གྲགས་པ་རྣམས་ལྟོས་ལ་རྒྱ་ནག་རི་བོ་རྩེ་ལྔ་
ལ་སོང་། སྔོན་གྱི་འབྲེལ་བས་འཇམ་དཔལ་གྱིས་རྗེས་སུ་འཛིན་པར་འདུག ཁོ་བོ་ནི་རྗེ་བཙུན་སྤྱན་རས་གཟིགས་ཀྱི་དྲུང་དུ་ཚངས་པ་མཚུངས་པར་སྤྱོད་དུ་འགྲོ་གསུངས་ནས་པོ་ཏ་ལར་གཤེགས་སོ༎ དེ་ཚུན་ནི་ཇེ་
ཏཱ་རི་ལ་སོགས་པ་ཕལ་ཆེར་གྱིས་མཐོང་ལ། ཕན་ཆད་ནི་སོ་སོས་སྐྱེ་བོ་དང་འགྲོགས་པའི་སྐལ་བ་མི་མཉམ་པས་བློའི་ཡུལ་ལས་འདས་ཏེ་འཕགས་པ་རྣམས་ཀྱི་སྤྱད་ཡུལ་ཁོ་ནའོ༎ ཛེ་ཏཱ་རིས་བཀའ་བཞིན་སྟོན་པ་བལྟམས་
པའི་ས་ལུམྦི་ནཱི་ལ་སོགས་པ་གནས་རྣམས་བསྐོར་ནས་ལོ་རེ་ལྔ་ལོན་པ་གཅིག་ས་མོ་ཕག་གི་ལོ་ལ་བོད་དུ་བྱོན། ཐར་ལོས་སྔར་གྱི་ལོ་རྒྱུས་རྣམས་བསྒྱུར། མན་ལུངས་སུ་ཟླ་བ་གཉིས་བཞུགས། དེ་ནས་རི་བོ་རྩེ་
ལྔ་ལ་ཐེགས་ནས་ལོ་ཤས་ཅིག་དེ་ནས་བཞུགས་པ་དེར་གནས་པ་རྣམས་ཀྱིས་མཐོང་ལ་མཐར་ཡེ་ཤེས་ཀྱི་སྐུ་གྲུབ་བོ༎ སློབ་དཔོན་བསོད་ནམས་མགོན། སློབ་དཔོན་བསོད་ནམས་མགོན་ནི། སྦྱོར་དྲུག་བསྒོམས་པས་ཚད་པས་མི་རྫི་བར་གྱུར་ནས་རྒྱ་གར་དུ་བྱོན་