R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 161b
[A:161b]ཏེ། རྡོ་རྗེའི་གདན་དུ་མཆོད་པ་ཕུལ། དེ་ནས་དཔལ་ལྡན་འབྲས་སྤུངས་སུ་བྱོན། དེ་ནས་ཀྱང་གྲུབ་ཆེན་ལ་གཏད་དེ་ལྷོ་ཕྱོགས་ལ་གཤེགས་སོ༎ ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་ནི། ཆུ་ཕོ་
སྟག་ལ་གསེར་བ་སར་འཁྲུངས། རྒྱ་གར་དུ་ཐེགས་ཏེ། ཀཱིརྟི་ཙནྟྲ་སོགས་པཎ་གྲུབ་དུ་མ་བསྟེན་ནས་རྒྱུད་སྡེ་མང་དུ་གསན། མན་ལུངས་པ་ལ་དུས་ཀྱི་འཁོར་ལོའི་དབང་རྒྱུད་མན་ངག་མཐའ་དག་མནོས། སྤྱིར་
ལྷོ་བལ་དུ་ལོ་སུམ་ཅུ་བཞུགས། བོད་དུ་ཕེབས་ནས་ས་སྐྱར་འཇམ་དབྱངས་བཞི་ཐོག་པ། བཅོམ་ལྡན་རིག་རལ། རོང་པ་ཤེར་སེང་རྣམས་ཀྱིས་ཡོན་སྦྱར་ནས་འགྱུར་མང་བོ་མཛད་དེ། སྐད་གཉིས་གཞུང་
ལུགས་ཉི་ཤུ་དྲུག། བོད་སྐད་རྐྱང་པ་སུམ་ཅུ་གཉིས། མངོན་༼སྔོན་༽ཆད་མ་བསྒྱུར་ཉི་ཤུ་བཞི༎ བསྡོམས་ན་ལྔ་བཅུ་རྩ་བརྒྱད་དོ༎ ཞེས་པ་ལྟར་རོ༎ རྡོ་རྗེ་ཕྲེང་བ་སོགས་ཀྱི་དབང་མང་པོ་མཛད། ཕྱིས་
ཡར་ཀླུངས་སུ་གཡའ་བཟང་པ་དང་། ཇོ་བོ་གྲགས་པ་རིན་ཆེན་སོགས་ཀྱིས་བཏེགས་ནས་གསེར་ཐང་བྲག་ཁར་བཞུགས་ཏེ། དུས་འཁོར་གཙོ་བོར་གསུངས་པས། དུས་འཁོར་བ་བསོད་ཤེ་སོགས་རབ་ཏུ་བྱུང་བའི་