[A:162a]དཔེ་འགྲེམས་བརྒྱ་ལྷག་རེ་འདུས། འགྲོ་ཕན་དང་སྐུ་ཤིན་ཏུ་ཆེ། མངོན་པར་ཤེས་པ་ཐོགས་མེད་དུ་མངའ། དགུང་ལོ་བརྒྱ་དང་ལྔ་བཞུགས་ཏེ་གཤེགས་སོ༎ གྲུབ་ཆེན་
མན་ལུངས་པ་ཉིད་ཀྱིས་རོང་བ་ཤེར་སེང་། དེས་ཀུན་མཁྱེན་འཕགས་འོད། དེས་བུ་སྟོན་རིན་པོ་ཆེ་ལ། དབང་མདོར་བསྟན་དང་། མན་ལུངས་པའི་སྦྱོར་དྲུག་ཕྲན་དང་བཅས་པ་གནང་ངོ་༎ ཡང་
ལོ་གྲགས་པ། བླ་མ་གྲུབ་པ་དཔལ་བཟང་པོ། ཡོན་ཏན་རྒྱ་མཚོ། ཀུན་མཁྱེན་ཆེན་པོ་རྣམས་ལས་བརྒྱུད་དེ་མན་ལུངས་པ་ནས་བརྒྱུད་པའི་རྒྱུད་འགྲེལ་གྱི་བཤད་བཀའ་དང་། སྦྱོར་དྲུག་
གི་མན་ངག་དང་ལོ་གྲགས་པའི་འགྱུར་གྱི་རྒྱུད་འགྲེལ་དང་། ལོ་གྲགས་པས་པཎྜི་ཏ་མང་པོ་ལ་གསན་པའི་གཏམ་རྒྱུད། ཞལ་གདམས་རྣམས་ཀྱང་བྱུང་ངོ་༎ ཡང་ལོ་གྲགས་པ། འབྱུང་གནས་རྒྱལ་མཚན། རི་
སྟོན་བློ་ཆེན་འོད། སངས་རིན་པ། ཐམས་ཅད་མཁྱེན་པ་འགོས་ལོ་ཙཱ་བ་རྣམས་བརྒྱུད་དེ་རྒྱུད་འགྲེལ་མན་ངག་དང་བཅས་པ་བྱུང་ངོ་༎ ཆོས་རྒྱལ་འཕགས་པ། ཆོས་རྒྱལ་འཕགས་པ་ནི། རྒྱ་ཡུལ་ནས་ཡར་ཕེབས་དུས་ངུར་མིག་ཏུ་