R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 162b
[A:162b]རྗེ་བཙུན་རྒྭ་ལོ་གདན་དྲངས་ནས་དབང་རྒྱུད་བཤད་མན་ངག་རྣམས་གསན་ཏེ་དུས་འཁོར་ལ་མཁས་པས་བསྟན་པའི་བདག་པོར་གྱུར་ཏོ༎ བུ་སྟོན་རིན་ཆེན་གྲུབ། གངས་ཅན་འདིར་ཐུབ་པའི་བསྟན་པ་ཡོངས་རྫོགས་པའི་མངའ་བདག་ཐམས་ཅད་མཁྱེན་པ་བུ་སྟོན་
རིན་པོ་ཆེ་ནི། ཡབ་བྲག་སྟོན་རྒྱལ་མཚན་དཔལ་བཟང་པོ་ཞེས་པ་གདུང་རབས་བཅུ་བདུན་དུ་སྔགས་རྙིང་མའི་གྲུབ་ཐོབ་ཟམ་མ་ཆད་པའི་མཁས་གྲུབ་ཞིག་དང་། ཡུམ་སློབ་དཔོན་མ་བསོད་ནམས་འབུམ་ཞེས་པ་གསང་
སྔགས་རྙིང་མའི་ཆོས་ལ་མངའ་བརྙེས་པ་ཞིག་གི་སྲས་སུ་ལྕགས་ཕོ་སྟག་ལ་ཤབ་སྨད་སྒོམ་གནས་སུ་སྐུ་བལྟམས། ཁ་ཆེ་པཎྜི་ཏ་ཤཱཀྱ་ཤྲཱིའི་སྐུ་སྐྱེར་གྲགས། འཇམ་དཔལ་བསྒྲུབས་པས་ཞལ་གཟིགས། དུས་ཕྱིས་ཀྱང་གཟིགས་
རྟོག་མ་གྲུབ་པར་ཆོས་གསུང་བའི་ཚེ། ཡོན་ཏན་ཡེ་ཤེས་བཟང་པོའི་བསྟོད་སྒྲུབ། རེ་སྔོན་དུ་བཏང་ན་ཚིག་དོན་ཐམས་ཅད་གསལ་ལམ་མེར་ཐུགས་ལ་འཆར། དགུང་ལོ་ལྔ་དྲུག་ནས་ཡུམ་གྱིས་ཀློག་སློབ་པར་བརྩམས་པ་ན་
འདའ་ཀ་ཡེ་ཤེས་དང་སའི་སྙིང་པོ་འཁོར་ལོ་བཅུ་པ་ལ་སྦྱར་ཀློག་མཛད་པས་ཀློག་མཁྱེན་པ་དང་ཐུགས་ལ་ཟིན་པ་མཉམ་དུ་བྱུང་། མོས་བླ་ཆེན་ཚུལ་ཁྲིམས་དཔལ་བཟང་པོའི་ཕྱག་དཔེ་གཟིགས་པས་འདི་བསྟན་བཅོས་