[A:163a]རྣམ་དག་གོ། འདི་ནི་མིན་ནོ་ཞེས་སོ་སོར་ཕྱེ་བས་མེས་པོའང་ཤིན་ཏུ་དགྱེས། ཡིག་རྩིས་བསླབས་པས་སློབ་དཔོན་ལས་མཁས་པར་འགྱུར། བདུན་པ་ལ་ཁྲོ་ཕུ་རིན་པོ་ཆེའི་
དྲུང་དུ་སེམས་བསྐྱེད་ཞུས་པས་བདག་པས་གཞན་གཅེས་ཀྱི་ཐུགས་བཅོས་མིན་དུ་འཁྲུངས། བརྒྱད་པ་ལ་ཁྲོ་ཕུ་རྗེ་དེའི་དྲུང་དུ་བདེ་མཆོག་དྲིལ་བུ་བའི་དབང་ཞུས་དུས་འདིའི་དབུ་ལ་ཕྱག་བཞག་ནས་འོ་འདི་ལ་ངའི་ངལ་གསོ་ས་བྱེད་པ་
ལགས་སོ་གསུངས། ཁྲོ་ཕུ་བའི་ཟབ་ཆོས་རྣམས་ཀྱང་གནང་། མེས་པོའི་དྲུང་དུ་གསང་སྔགས་རྙིང་མ་མང་དུ་གསན། བཟོ་སྨན་མཁྱུད་དཔྱད་མཁས་པར་མཁྱེན། བཅོ་བརྒྱད་པ་ལ་ལོ་ཚོའི་མཁན་རྒྱུད་མཁན་པོ་རིན་ཆེན་སེངྒེ་
དང་། སློབ་དཔོན་ཚད་མའི་སྐྱེས་བུ་བསོད་ནམས་མགོན་ལས་རབ་ཏུ་བྱུང་སྟེ་མཚན་རིན་ཆེན་གྲུབ་ཏུ་བཏགས། སློབ་དཔོན་དེའི་དྲུང་དུ་ཕར་ཕྱིན་གྱི་སློབ་གཉེར་ལ་ཞུགས་ཏེ་འདིའི་ཕྱོགས་སུ་ཤི་ནའང་ཤི་སྙམ་དུ་དགོངས་ཏེ། ཉིན་མཚན་
དུ་གསོལ་དང་མནལ་གྱི་ལོང་མེད་པར་གསན་སྦྱང་ལ་འབད་པས་སྐུ་སེང་སེང་པོར་སོང་སྟེ་ཀུན་གྱིས་སྙིང་རྗེའི་གནས་སུ་བྱེད། གཞུང་ཊཱི་ཀ་ནག་འབྱམས་ཐུགས་སུ་ཆུབ་ཅིང་། ཉི་སྣང་། བརྒྱ་སྟོང་འགྲེལ་ཆེན་