R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 175a
[A:175a]གྱི་དབང་རྒྱུད་མན་ངག་དང་བཅས་པ་དང་། རྗེ་དེས་ཆོས་གསན་ནོ་ཅོག་མཐའ་དག་བུམ་པ་གང་བྱོར་གསན་པས་མཆོག་ཏུ་མཁས་པར་གྱུར། ཉེར་བདུན་པ་ལ་གོང་མའི་གདན་འདྲེན་
ལན་གསུམ་བྱུང་ནའང་། འོད་ཟེར་ཅན་གྱི་མན་ངག་གིས་བཟློག སོ་གསུམ་པ་ལ་ཧོར་རྒྱལ་པོའི་འཇའ་དྭ་དང་ཤེལ་དམ་བཞི་ཕུལ་ནས་བཞི་ཐོག་ཏུ་བཞུགས་སུ་གསོལ་ཏེ་བསྟན་པའི་མངའ་བདག་ཏུ་བཀུར།
ཕར་ཚད་བརྟག་གཉིས་ལ་སོགས་པའི་བཤད་གྲྭ་བཙུགས། ལམ་འབྲས་ལ་སོགས་པའི་ཁྲིད་དང་དབང་གིས་གདུལ་བྱ་ཚིམ་པར་མཛད། སོ་དྲུག་པ་ལ་དབུས་སུ་ཕེབས་ཏེ། ཐོལ་དུ་སྤྱན་སྔ་གྲགས་པ་རྒྱལ་མཚན་པ་
ལ་ཆོས་གནང་། བསམ་ཡས་ཞིག་བསོས་ཀྱི་གྲྭ་བཙུགས། སོ་བདུན་པ་ལ་ཡང་ཧོར་གྱི་གདན་འདྲེན་བྱུང་བས། ཏ་དབེན་བློ་གྲོས་རྒྱལ་མཚན་བཞི་ཐོག་ཏུ་བསྐོས། རྟ་ལ་ཆིབས་པ་སྤངས་ཏེ་
ཞབས་ཐང་མཛད་ནས་བྱང་འདམ་གྱི་བར་དུ་བྱོན། སྟག་ལུང་པ་རཏྣ་ཨཱ་ཀ་ར་ལ་ཐུགས་བསྐྱེད་གནང་། གཡང་ལ་ལ་ཁ་བ་ཆེན་པོ་བབ་ཀྱང་ཐང་རྒྱང་མཛད་དེ་བྱོན་པས་རླངས་ཕྱུར་རེ་བྱུང་བས་ཀུན་ངོ་མཚར་