R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 181a
[A:181a]དུས་ཆོས་བཤད་པ་ཁོ་ན་ལས་དབང་རྗེས་གནང་མི་མཛད། བུ་སྟོན་དགའ་ལྡན་དུ་ཐེགས་ནས་ནི་དབང་ཁྲིད་མན་ངག་རྣམས་ཀྱང་ལྷུག་པར་སྩོལ། བཀྲ་ཤིས་སྒོ་མང་དང་།
བུ་སྟོན་རིན་པོ་ཆེའི་བཀའ་འབུམ་པོ་ཏི་སོ་གསུམ་བཞེངས། མངའ་རིས་པ་བདེ་ལྡན་ལ་པདྨ་དྲ་བའི་དབང་གནང་དུས། དེ་ནམ་མཁའ་འཕགས་ཏེ་གར་བསྒྱུར་ཞིང་རྟ་སྐད་ཚེར་བ་སོགས་བྱུང་། བཞི་ཐོག་པ་། ཉ་བཙན་
ལྷ་སྦྱིན། གཡག་གཞོན་གཉིས། བྱམས་ཆོས་པ། སྐྱབས་མཆོག་དཔལ། ཙོང་ཁ་པ་བློ་བཟང་གྲགས་པ། ཀརྨ་པ་དཀོན་གཞོན། ལོ་ཙཱ་བ་གྲགས་རྒྱལ། ཚོགས་སྡེ་བཞིའི་མཁན་
པོ། ས་བཟང་འཕགས་པ། དབུས་པ་བློ་གསལ། སྣར་ཐང་པ་རྒྱལ་མཚན་གྲགས་སོགས་མཁས་བཙུན་མང་པོ་ལ་མདོ་སྔགས་ཀྱི་ཆར་ཕབ། རྟོགས་ལྡན་ཆོས་འབྱུང་ལ་ནམ་མཁའི་རླུང་གེགས་བསལ།
གྲུབ་ཆེན་ཆོས་གྲུབ་ལས་རླུང་ལོག་པའི་གེགས་བསལ། གནས་རྙིང་པ་རྒྱལ་དབང་གི་ཐིག་ལེའི་གེགས་བསལ། སློབ་དཔོན་རྩེད་པོའི་སྟོང་ཉམས་ཀྱི་གེགས་བསལ། ཧོར་རྒྱལ་བུ་ཕིང་ཆང་གི་སྙིང་