[A:16b]རྣམས་ལ་ཆོས་བསྟན་པས་དགྲ་བཅོམ་སྟེ་ལྗོངས་རྒྱུ་བར་བཏང་། སྟེང་རྒྱས་འོད་སྲུང་སོགས་རལ་པ་ཅན་སྟོང་རབ་ཏུ་ཕྱུང་སྟེ་རི་གཡར་བཞུགས་པ་ན། དྲང་སྲོང་སྒྲོན་མེས་ཐམས་ཅད་མཁྱེན་པ་
ཞེས་མཚན་གསོལ་ཏོ༎ རྒྱལ་པོ་གཟུགས་ཅན་སྙིང་པོས་འོད་མའི་ཚལ་བྱ་ཀ་ལནྡ་ཀ་གནས་པའི་ཀུན་དགའ་ར་བ་ཕུལ་བ་བཞེས། ལུས་འཕགས་ཀྱི་རིའི་དབང་པོའིའ་བྲག་ནྱ་གྲོ་དྷའི་ཕུག་ཏུ་མེའི་ཁམས་
ལ་སྙོམས་པར་ཞུགས། བརྒྱ་བྱིན་སྟན་དེ་ཉིད་ལ་ཤི་འཕོས་ནས་སྟན་དེ་ཉིད་ལ་སྐྱེ་བར་མཛད། སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཤཱ་རིའི་བུ་དང་། མཽངྒལ་གྱི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་བཅས་པ་རབ་
ཏུ་ཕྱུང་། དེ་དག་དང་འོད་སྲུང་འཁོར་དང་བཅས་པ་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུར་གྲགས། འོད་སྲུང་ཆེན་པོ་དང་། གསུས་པོ་ཆེ་དང་། བལྟ་ན་སྡུག་སོགས་རབ་ཏུ་ཕྱུངས༼བྱུང་༽། སོ་བརྒྱད་པ་ལ་
མགོན་མེད་ཟས་སྦྱིན་གྱིས་མཉན་ཡོད་དུ་སྤྱན་དྲངས་ཏེ་རྒྱལ་བྱེད་ཚལ་ཕུལ་བ་བཞེས། གསལ་རྒྱལ་གཞོན་ནུ་དཔེའི་མདོས་བཏུལ། ཞེ་གཅིག་པ་ལ་ནག་པོ་འཆར་ཀས་སྤྱན་དྲངས་ནས་སེར་སྐྱའི་གཞིར་
གཤེགས་ཏེ་ཡབ་སྲས་མཇལ། ནྱ་གྲོ་དྷའི་ཀུན་དགའ་ར་བ་བཞེས། ཕུ་བོ་གསུམ་དང་ཡབ་བདེན་པ་ལ་བཀོད། ཀུན་དགའ་བོ། གཅུང་མཛེས་དགའ་བོ། སྒྲ་གཅན་འཛིན། ཉེ་བ་འཁོར། བཟང་