R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 17a
[A:17a]ལྡན། མ་འགགས་པ། ནམ་གྲུ། ལྷ་སྦྱིན། ལེགས་སྐར། དྲུག་སྡེ་སོགས་རབ་ཏུ་བྱུང་། སླར་ཡང་མཉན་ཡོད་དུ་གཤེགས་ཏེ་རབ་འབྱོར། སྐུལ་བྱེད། གསེར་
སའི་རྒྱལ་པོ་ཀ་པི་ན་སོགས་རབ་ཏུ་བྱུང་། དེ་ནས་ཡངས་པ་ཅན་གྱི་སྒྲ་ཅན་དུ་སྐྱེ་དགུའི་བདག་མོ་སོགས་ཤཱཀྱ་མོ་ལྔ་བརྒྱ་དང་གྲགས་འཛིན་མ་སོགས་རབ་ཏུ་བྱུང་སྟེ་འཁོར་རྣམ་བཞི་དང་ལྡན། དམག་
དཔོན་སེང་གེ་དང་ལི་ཙཱ་བི་རྣམས་ཀྱིས་སྤྲེའུ་རྫིང་གི་ཁང་པ་བརྩེགས་པ་ཕུལ་བ་བཞེས། དེ་ནས་བཀྐུ་ལ་དང་། གྲོང་ཁྱེར་སློ་མ་ཅན་དུ་བྱམས་མའི་བུ་གང་པོ་སོགས་རབ་ཏུ་བྱུང་། ཞེ་ལྔ་པ་ལ་བྱ་རྒོད་ཕུང་པོའི་རིར་
དེ་བཞིན་གཤེགས་པའི་སྙིང་པོའི་མདོ་གསུངས། ང་གཅིག་པ་ལ་བྱ་རྒོད་ཕུང་པོའི་རི་ལ་ཤེར་ཕྱིན་དང་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་གསུངས། ལོ་དེའི་མཆུའི་ཟླ་བའི་ཚེས་གཅིག་
ནས་ཉའི་བར་ལ་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པས་མུ་སྟེགས་སྟོན་པ་དྲུག་བཏུལ། དེ་ནས་སུམ་ཅུ་རྩ་གསུམ་དུ་གཤེགས་ཏེ་ཡུམ་བདེན་པ་ལ་བཀོད། སུམ་ཅུ་རྩ་གསུམ་ནས་བརྩམས་ཏེ་འདོད་
གཟུགས་ཀྱི་ལྷ་རྣམས་དང་ལྷན་ཅིག་ལྷ་གནས་གོང་མ་གོང་མར་བྱོན་ནས་འོག་མིན་དུ་དམ་ཚིག་གསུམ་བཀོད་པའི་རྒྱུད་གསུངས། དབྱུ་གུ་ཟླ་བའི་ཉེར་གཉིས་ལ་གྲོང་ཁྱེར་གསལ་ལྡན་དུ་ལྷ་ལས་བབས།