[A:185a]འབྲེལ་བ་ཡོད་པས་བཅོམ་ལྡན་འདས་འདིས་རྗེས་སུ་འཛིན་པར་འགྱུར་རོ་གསུངས། བྲ་གོར་དུ་མོན་ཁྲ་བ་ལ། མདོ་རྩ་སྤྱོད་འཇུག་ལམ་རིམ་དང་། ལྟེའུ་རར་དབུ་མ་པ་རིན་ཆེན་རྒྱལ་པོ་ལ་
རིགས་ཚོགས་གསན། ཉེར་བརྒྱད་པ་ལ་ལྟེའུ་རར་ཆག་ལོའི་མཁན་རྒྱུད་འཛིན་པ་བྱར་རྗེ་སྒོ་བ་མགོན་པོ་དཔལ་གྱིས་མཁན་པོ། བླ་བྲང་པ་བཟང་པོ་དཔལ་གྱིས་ལས་སློབ། ཚོགས་ཆེན་མོའི་དབུ་
མཛད་སེང་གེ་རིན་ཆེན་གྱིས་གསང་སྟོན་མཛད་ནས་བསྙེན་པར་རྫོགས། བླ་བྲང་པ་དེ་ལ་རྡོ་རྗེ་ཕྲེང་བ་སོགས་དབང་མང་པོ་དང་། ཕར་ཕྱིན་དབུ་མ། སྤྱོད་འཇུག སྐྱེས་རབས། ཏིང་འཛིན་རྒྱལ་པོ།
གསང་འདུས། ཀྱེ་རྡོར། སྤྱོད་རྒྱད། མཚན་བརྗོད། སྡོམ་འབྱུང་། གཤེད་དམར། འཇིགས་བྱེད། འཁོར་ཆེན་སོགས་གསན། སོ་བཞི་པ་ལ་ཐང་པོ་ཆེར་རྗེ་བླ་བྲང་པའི་དྲུང་དུ་བྱོན་པ་ན།
དཔལ་ལྡན་བླ་མ་བསོད་ནམས་རྒྱལ་མཚན་པ་དྭགས་པོ་ནས་གདན་འདྲེན་པར། བུ་སྟོན་རིན་པོ་ཆེ་དང་། རྒྱལ་སྲས་ཐོགས་མེད་པ་དང་། གནས་དྲུག་པ་སོགས་ཕེབས་པ་ལ་ཆོས་འབྲེལ་རེ་གསན། ཁྱད་པར་དུ་བུ་