[A:186a]བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས། དུས་འཁོར་རྒྱུད་འགྲེལ། རྗེ་ཉིད་ཀྱིས་མཛད་པའི་ཊཱི་ཀཱ་དང་བཅས་པ། དབང་མདོར་བསྟན། བརྟག་གཉིས། མཚན་
བརྗོད་རྣམས་ཀྱི་བཤད་པ། ཤིན་ཏུ་སྤྲོས་མེད་ཀྱི་ཁྲིད་གསན། དེ་ནས་སྙེ་ཐང་ཆོས་རྫོང་དུ་ཞབས་ཕྱིར་འབྲངས་ནས་ལམ་འབྲས། ཞི་བྱེད། ཡང་དགོན་པའི་རི་ཆོས་རྣམས་གསན། ལྷ་སར་ཇོ་བོ་ལ་གསེར་
ཕུལ་ནས་གསོལ་བ་བཏབ། མཚུར་ཕུར་ཀརྨ་པ་རོལ་བའི་རྡོ་རྗེ་ལ་ཆོས་འབྲེལ་གསན། ཞྭ་ལུ་རི་ཕུག་ཏུ་བུ་སྟོན་རིན་པོ་ཆེ་དང་མཇལ་ནས། ས་སྐྱར་ཐེགས་ཏེ་གནས་དྲུག་པ་ལ་མངོན་པ།
མདོ་སྡེ་རྒྱན། རྣམ་ངེས་མན་ངག་ཕྲན་མང་པོ་གསན་ཅིང་། ཟླ་བ་བཅུ་གཅིག་བཞུགས། དེ་ནས་ཇོ་མོ་ནང་དུ་ཀུན་མཁྱེན་ཆེན་པོ་ལ་སྦྱོར་དྲུག་དང་། དཀོན་མཆོག་རྒྱལ་མཚན་པ་ལ་ཐུགས་
རྗེ་ཆེན་པོའི་དམར་ཁྲིད་གསན། དེ་ནས་ཞྭ་ལུར་ཕེབས་ཏེ། བུ་སྟོན་རིན་པོ་ཆེའི་དྲུང་དུ་ལོ་བཅུའི་བར་དུ་བཞུགས་ནས། དཀའ་ཆེན་བཞི་ལ་ཉིད་ཀྱི་ཊཱི་ཀ་དང་བཅས་པའི་བཤད་པ་ཚར་མང་དུ་གསན། དུས་ཀྱི་