R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 186b
[A:186b]འཁོར་ལོའི་དབང་གསན་དུས་བླ་མ་དུས་འཁོར་དངོས་སུ་གཟིགས། གཞན་ཡང་གསང་འདུས། བདེ་དགྱེས་གཤེད་དམར། རྡོར་དབྱིངས། དཔལ་མཆོག རྩེ་མོ་སོགས་ཀྱི་དབང་ཐོབ། དུས་འཁོར་རྒྱུད་འགྲེལ་
དང་། གསང་འདུས་རྒྱུད་འགྲེལ་གྱི་བཤད་པ་ཚར་བདུན་བདུན་གསན། བདེ་མཆོག་རྩ་སྡོམ། རྣལ་འབྱོར་མ་ཀུན་སྤྱོད། དུས་འཁོར་གྱི་རྒྱུད་ཕྱི་མ། དོན་དམ་བསྙེན་པ། ཕྱག་རྡོར་དང་རྡོ་རྗེ་སྙིང་པོའི་
བསྟོད་འགྲེལ། མཚན་བརྗོད་རྣམས་ཀྱི་བཤད་པ། རིམ་ལྔ། སྦྱོར་དྲུག ཤིན་ཏུ་སྤྲོས་མེད་ཀྱི་ཉམས་ཁྲིད་རྫོགས་པ་དང་། སྦྱོར་དྲུག་ལུགས་མི་འདྲ་བ་བཅུ་གཉིས། གཤེད་དམར། ལོ་ནག་དྲིལ་
གསུམ། བདེ་ཆེན་རལ་གཅིག གདན་བཞི། ཡོ་ག་སྐོར་སོགས་མང་དུ་གསན། བུ་སྟོན་པས་མཁན་ཆེན་དྷརྨ་ཤྲཱི་ལ་བཀའ་གནང་ནས་སྒོས་ཀྱི་ཡོངས་འཛིན་དུ་བསྐོས་པ་ལ། མངོན་པ་ཀུན་
ལས་བཏུས་དང་དུས་འཁོར་རྒྱུད་འགྲེལ་གྱི་བཤད་པ་ཚར་མང་དུ་གསན། བུ་སྟོན་རིན་པོ་ཆེའི་བཀའ་འབུམ་དང་ཁྲོ་ཕུ་བའི་མན་ངག་བརྒྱ་རྩ་ཡང་གསན། སྒྲ་ཚད་པ་ལ་ཡོ་ག་རབ་འབྱམས་གསན། ཁ་ཆེ་