R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 187a
[A:187a]པཎྜི་ཏ་སུ་མ་ན་ཤྲཱི་ལ་ཐུགས་རྗེ་ཆེན་པོ་དང་སྒྲོལ་མ་གསན། ལོ་ཆེན་བྱང་རྩེ་ལ་ཀ་ལཱ་པ་སྙན་ངག་མེ་ལོང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་གསན་ཅིང་སྦྱངས། དངུལ་ཆུའི་ཆོས་
རྫོང་དུ་རྒྱལ་སྲས་ཐོགས་མེད་པ་ལ་སྨོན་འཇུག་སེམས་བསྐྱེད་དང་། བློ་སྦྱོང་གསན་པས་བྱང་ཆུབ་ཀྱི་ཐུགས་འབྱོངས། གཞན་ཡང་ཆོས་ལུང་མཁན་ཆེན་པ་བསོད་ནམས་བཟང་པོ་སོགས་བླ་མ་མང་དུ་བསྟེན་ནས།
མང་དུ་ཐོས་པ་རྒྱ་མཚོ་ལྟ་བུའི་མཐར་སོན་ཅིང་། ཁྱད་པར་དུ་དུས་འཁོར་ལ་མཁས་པར་གྱུར་ནས། ཞེ་བརྒྱད་པ་ལ་གཉལ་དུ་འབྱོན་དུས། བུ་སྟོན་རིན་པོ་ཆེས་ཐུགས་དམ་ཐང་ཀ་སྟོན་པའི་སྐུ། རྗེ་ཉིད་ཀྱི་
ན་བཟའ་དབུ་ཞྭ་རྣམས་གནང་ནས། བསྟན་པའི་བྱ་བ་འཆད་ཉན་དང་། དབང་མན་ངག་གི་བཀའ་ལེགས་པར་སྐྱོངས། རང་གི་དགེ་སྦྱོང་ལ་འབོད་པ་ཐོན། རང་རེ་བ་སྤད་སྐྱེ་བ་ཕྱི་མ་དགའ་ལྡན་དུ་ངེས་
པར་འཕྲད་གསུང་བ་ལ། ཞབས་ཟུང་སྤྱི་བོར་བཀོད་ནས་བདག་སྐྱེ་བ་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ་ཞེས་གསོལ་བས། དེ་ཁོ་ན་བགྱིའོ་གསུང་། དེ་ནས་རིམ་ཀྱིས་མཉལ་དུ་ཕེབས། ལྟེའུ་ར་དང་སྐྲགས་