[A:17b]ལྷ་སྦྱིན་གྱིས་དགེ་འདུན་འཁོར་ལོའི་དབྱེན་བྱས་པ་མཆོག་ཟུང་གིས་བཟླུམས། ཀཽ་ཤམྦྷིར་གདེངས་ཅན་གྱི་ཀུན་དགའ་ར་བར་རྒྱལ་པོ་ཤར་པ་ཡང་དག་པའི་ལམ་ལ་བཀོད། ནམ་མཁའ་ལས་པོ་ཏཱ་ལར་
གཤེགས་ཏེ་སྤྱན་རས་གཟིགས་ཀྱིས་དོན་ཞགས་ཀྱི་ཆོ་ག་སོགས་ཕུལ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བས་དེས་ཕྱག་རྡོར་དབང་བསྐུར་བའི་རྒྱུད་བཤད། འཕགས་རྒྱལ་
དུ་རབ་སྣང་དད་པར་མཛད་ཅིང་གཅེར་བུ་པ་བདེན་སྨྲ་བྱང་ཆུབ་ཏུ་ལུང་བསྟན། ཡངས་པ་ཅན་དུ་ལི་ཙཱ་བི་དྲི་མ་མེད་པར་གྲགས་པ་ལ་བསྐུལ་བས་དེས་མི་འཁྲུགས་པའི་ཞིང་ལག་པར་བླངས་ཏེ་ཞིང་འདིར་བཅུག
ནྱ་གྲོ་དྷའི་ཕུག་ཏུ་བསོད་སྙོམས་གཅིག་གིས་དབྱར་གནས་མཛད་དེ། དེར་སྤྲུལ་པ་བཞག་ནས་སྟོན་པ་ཉིད་རྒྱལ་བ་འཇུག་སྲེད་རྒྱལ་པོའི་ཞིང་དུ་གཤེགས་ཏེ་ཕྱོགས་བཅུའི་སངས་རྒྱས་དང་བགྲོ་བ་མཛད། མཐར་
མ་སྐྱེས་དགྲ་གཞི་མེད་པའི་དད་པ་ལ་བཞག དོན་དྲུག་པ་ལ་བྱ་རྒོད་ཕུང་པོའི་རིར་དམ་ཆོས་པདྨ་དཀར་པོ་གསུངས། དེ་ནས་ལྕང་ལོ་ཅན་དུ་ཕྱག་ན་རྡོ་རྗེ་ལ་བདེ་ཆེན་རལ་གཅིག་གི་རྒྱུད་གསུངས། བརྒྱད་ཅུ་པ་