R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 190b
[A:190b]མའི་ཚོགས་རྣམས་ལ། དུས་གསང་བདེ་དགྱེས་ལ་སོགས་པའི་རྒྱུད་བཤད་དང་རྡོ་རྗེ་ཕྲེང་བ་ལ་སོགས་པའི་དབང་དང་། རིམ་ལྔ་སྦྱོར་དྲུག་སོགས་ཁྲིད་རིམ་མང་པོའི་ཆོས་ཀྱིས་ཚིམ་པར་མཛད། གྱ་བརྒྱད་པ་ཤིང་ཕོ་ཁྱིའི་
ལོ་ཟླ་བ་གསུམ་པའི་ཚེས་དྲུག་ལ་བདེ་བ་ཅན་དུ་གཤེགས་སོ༎ བློ་བཟང་དཔལ་འབྱོར། དེའི་སྲས་ཀྱི་ཐུ་བོ་རྒྱལ་བའི་སྲས་པོ་བློ་བཟང་དཔལ་འབྱོར་ནི། ལྕགས་མོ་གླང་ལ་འཁྲུངས། བླ་བྲང་བ་བསོད་ནམས་དཔལ་འབྱོར་ལས་
རབ་ཏུ་བྱུང་། ཉི་ཤུ་པ་ལ་ཚོགས་ཆེན་པོའི་མཁན་པོ་ཡོན་ཏན་རིན་ཆེན། ལས་སློབ་བྱང་ཆུབ་བླ་མ། གསང་སྟོན་འགྲོ་བཟང་སྙིང་པོས་མཛད་དེ་ཇོ་གདན་ཚོགས་པའི་དབུས་སུ་བསྙེན་པར་རྫོགས།
མཁན་ཆེན་ནམ་མཁའ་དཔལ་འབྱོར་བ་སོགས་སྟེན་ནས་སྡེ་སྣོད་ལ་སྦྱངས། ཆོས་རྗེ་ཆོས་གྲགས་པ་ལ་ཀ་ལཱ་པ་གསན། གཙོ་བོར་ཆོས་རྗེ་ཡེ་ཤེས་དཔལ་བཟང་བོ་ཉིད་ལ་མངའ་བའི་ཆོས་རྣམས་གསན་
ཅིང་བུམ་པ་གང་བྱོར་མཁྱེན། ཁྱད་པར་དུས་འཁོར་གསན་དུས་མནལ་ལམ་དུ་བུ་སྟོན་རིན་པོ་ཆེ་དང་མཇལ་ཏེ་བྱིན་གྱིས་བརླབས་པས་ཚིག་དོན་མ་ལུས་པར་ཐུགས་སུ་ཆུད། རྐང་བ་བཅུ་དྲུག་པ་