R1178: དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་པོ་ཆེའི་རྟོགས་པ་བརྗོད་པ་དཔག་བསམ་གྱི་སྙེ་མ།

  • Pagination (Witness A): 191a
[A:191a]ལ་བསྙེན་པ་མཛད་པས་རིགས་སྔགས་གྲུབ་པའི་མཚན་མ་གཟིགས། ལྟེའུ་རའི་གདན་སར་གཞན་ཕན་བསྐྱངས་ནས་སྣང་དགོན་པར་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་ཏེ། ཞེ་
གཉིས་པ་ཆུ་ཕོ་རྟའི་ལོ་ཧོར་ཟླ་གསུམ་པའི་ཚེས་བཅུ་གཉིས་ལ་གཤེགས་སོ༎ བདག་གི་ཆོས་རྗེ་རིན་ཆེན་ཡེ་ཤེས་དཔལ་བཟང་པོའི་ཞལ་སྔར་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པ་ཐོབ་ཅིང་རྒྱལ་བའི་སྲས་པོ་འདི་
ཉིད་ཀྱི་ཞལ་སྔར་དབང་རྒྱུད་ལུང་མན་ངག་དང་བཅས་པ་ལེགས་པར་མནོས་སོ༎ ༤༽ཙ་མི་ལུགས། དཔལ་ཆེན་རྒྭ་ལོ། བཞི་པ་ཙ་མི་ལུགས་ནི། ཙ་མི་ལོ་ཙཱ་བ་ལ་བོད་ཀྱི་སློབ་མ་རྒྭ་ལོ་ཙཱ་བ། རོང་ལོ་ཙཱ་བ། སྟེང་བ་ལོ་ཙཱ་བ། སེ་
ལོ་ཙཱ་བ། ལྡི་རི་ལོ་ཙཱ་བ། ར་བྱིང་ལོ་ཙཱ་བ། བ་རི་ལོ་ཙཱ་བ་སོགས་བྱུང་བ་ལས། དཔལ་ཆེན་རྒྭ་ལོ་ནི། མདོ་སྨད་གཡར་མོ་ཐང་གི་ལྷོ་ཕྱོགས་ཙོང་ཁ་ཐེའུ་ཆུར། ཡབ་དགེ་བཤེས་མངོན་པ་བ་རྒྭ་
ཤེས་རབ་རྩེ་དང་། ཡུམ་མྱང་གཟའ་ཚེ་སྤྲུལ་གྱི་སྲས་སུ་འཁྲུངས་མཚན་ཇོ་སྲས་རྒྱ་མཚོར་བཏགས། ལོ་བདུན་ལ་ཡབ་ཀྱིས་ཆོས་བསླབས། བཅུ་བདུན་པ་ལ་མངོན་པ་མཁས་པར་མཁྱེན། ཉི་ཤུ་